| | e-texts navigator
|
325a1 ལག་མ་ཚང་བ།། དེས་ནི་རབ་ཏུ་སྡུག་བསྔལ་ལོ།། ལྷ་དང་ཀླུ་ཡིས་མཆོད་པ་ཡི།། བདེ་བས་བྱིན་གྱིས་རྒྱལ་པོ་ལ།། མཐའ་ཡས་པ་ཡི་སྤོབས་པ་ཡིས།། ཚིགས
325a2 སུ་བཅད་པ་འདི་དག་སྨྲས། ། གང་ལ་ལག་པ་མེད་པ་ཡང་།། དེ་ནི་ཡན་ལག་མ་ཚང་ཡིན།། སུ་ལ་ཚུལ་ཁྲིམས་མེད་པ་དང་།། དེ་ནི་ཡན་ལག་མ་ཚང་ཡིན།། རུལ་པ་ཡི་ནི་ལུས་འདི་ཡིས།།
325a3 བསམ་གྱིས་མི་ཁྱབ་སྦྱིན་པའི་གནས།། འཇིག་རྟེན་ཀུན་གྱི་མཆོད་པའི་རྟེན།། དེ་བཞིན་གཤེགས་པ་བདག་གིས་མཆོད།། སྟོང་གསུམ་དག་ནི་མཐའ་ཡས་པ།། རིན་པོ་ཆེ་ཡིས་ཡོངས་བཀང
325a4 སྟེ། ། སངས་རྒྱས་ཡེ་ཤེས་ཚོལ་བའི་ཕྱིར།། འཇིག་རྟེན་མགོན་ལ་རབ་ཏུ་བྱིན།། འཇིག་རྟེན་པ་ཡི་མཆོད་ཡོད་ཀྱང་།། སུ་དག་ཆོས་རྣམས་སྟོང་རིག་ནས།། ལུས་དང་སྲོག་ཀྱང་གཏོང་བ
325a5 ནི། ། མཆོད་པ་དེ་དག་བསམ་མི་ཁྱབ།། བདེན་པའི་ཚིག་ནི་བརྗོད་པར་བགྱི།། རྒྱལ་པོ་ཆེན་པོ་བདག་ལ་གསོན།། སྐྱེ་བོའི་ཚོགས་འདི་ཐམས་ཅད་ཀྱང་།། ཚིགས་བཅང་འདི་ཡི་དོན་རིག་གིས།
325a6 བདེན་པ་གང་གིས་སངས་རྒྱས་སུ།། འཇིག་རྟེན་མཆོད་རྟེན་བདག་འགྱུར་ན།། བདེན་པ་དེ་ཡིས་ས་འདི་ཡང་།། རྣམ་པ་དྲུག་ཏུ་གཡོས་གྱུར་ཅིག། ཚིག་འདི་དག་ནི་སྨྲས་དང་།། ས་ཡང་རབ
325a7 ཏུ་གཡོས་པར་གྱུར། ། ངོ་མཚར་གྱུར་ཅིང་རྨད་བྱུང་སྟེ།། ལྷ་རྣམས་བྱེ་བ་རབ་ཏུ་དགའ།། ལྷ་དང་མི་དག་དགའ་ནས་ནི།། བྱང་ཆུབ་ཏུ་ཡང་སེམས་བསྐྱེད་དེ།། དཔག་མེད་བསམ
iiif viewer powered by OpenSeadragon
324b - 325b