e-texts navigator
Collection
Volume
Page
Wylie

323a1 བཅུག་ནས་འབར་བར་བྱས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་ལྷག་པའི་བསམ་པ་ལ་ཞུགས་པ། ལྷག་པའི་བསམ་པས་བླ་ན
323a2 མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཤིང་བྱང་ཆུབ་ཡོངས་སུ་ཚོལ་བའི་ལག་པ་གཡས་པ་དེ་ལྟར་འ་བར་ཡང་སེམས་དང་བཞིན་གྱི་མདོག་གྱུར་པ་མེད་དོ། །
323a3 གཞོན་ནུ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བས་བྱིན་གྱི་ལག་པ་གཡས་པ་བསྲེགས་ནས་རབ་ཏུ་འབར་ཞིང་མེར་གྱུར་ཏེ། མེ་ལྕེ་གཅིག་ཏུ་འབར་བར་གྱུར་མ་ཐག
323a4 ཏུ་དེའི་ཚེ་ས་ཆེན་པོ་འདི་ཡང་རབ་ཏུ་གཡོས་པར་གྱུར་ཏོ། ། དེའི་ལག་པ་འ་བར་བར་བྱས་པའི་འོད་དེས། མར་མེ་ཡོན་དུ་ཕུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས་མོག
323a5 མོག་པོར་བྱས་པར་གྱུར་ཏེ། ཕྱོགས་ཐམས་ཅད་དུ་ཡང་སྣང་བ་ཆེན་པོ་བྱུང་ངོ་།། འོད་དེ་ཕྱོགས་ཐམས་ཅད་སྣང་བར་གྱུར་ཏེ། ཀུན་ཏུ་ཁྱབ་པར་གྱུར་པ་དང་། དེ་དགའ་ཞིང་ཡིད
323a6 བདེ་བ་སྐྱེས་ནས། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཡང་སྐད་འཇམ་ཞིང་ཡིད་དུ་འོང་བ་དང་། ཚིག་བྱེ་བྲག་ཏུ་འཕགས་པ་དང་།། ཚིག
323a7 གི་ཡི་གེ་རྒྱུན་ཆགས་པས་འཁོར་དེ་དག་ཐམས་ཅད་ལ་རྒྱ་ཆེར་གོ་བར་བྱེད་ཅིང་ཡང་དག་པར་རབ་ཏུ་བསྟན་ཏོ། ། དེར་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་ཁྲི་ཉིས་སྟོང་ཆོས་ཉན་པར་འདུས་པ་དེ་དག་དགའ་ཞིང




iiif viewer powered by OpenSeadragon

322b - 323b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo