e-texts navigator
Collection
Volume
Page
Wylie

322a1 བབ་པ། འདོད་པ་ལ་རྣམ་པར་མ་བརྩེས་ཤིང་། གཞོན་ནུར་ཚངས་པར་སྤྱོད་པ། བསྙེན་པར་རྫོགས་ནས་ལོ་གཅིག་ལོན་པ་ཞིག་ཡོད་དོ།། གཞོན་ནུ་དེའི་ཚེ་དེའི
322a2 དུས་ན། རྒྱལ་པོ་དཔལ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་དག་ལ་གསོལ་བ་བཏབ་པ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཡང་དག་པར་སྡུད་པ། བྱང་ཆུབ་སེམས
322a3 དཔའི་སྡེ་སྣོད་གཟུངས་ཆེན་པོ་དང་ཐབས་ལ་མཁས་པ་དང་། དབང་དང་དུལ་བ་ཆགས་པ་མེད་པ་མངོན་པར་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་གསོལ་བ
322a4 བཏབ་ནས་ནུབ་མོ་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་སྲེལ་གྱི་སྙིང་པོ་ཅན་རྣམས་ཀྱིས་མདུན་དུ་མར་མེའི་ཡོན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་རབ་ཏུ་འབར་བར་བྱས་ཏེ། འཁོར་གྱི་ཁྱམས་ཀྱང་ཕྱག
322a5 དར་བྱས་ནས་ཆག་ཆག་བཏབ་སྟེ། རབ་ཏུ་བྱུག་པ་བྱས། མེ་ཏོག་མངོན་པར་བཀྲམ་ཞིང་། མལ་སྟན་སྣ་ཚོགས་བཏིང་སྟེ། རྒྱལ་པོ་དཔལ་དབྱངས་དེ་བཙུན་མོའི་འཁོར་དང་བཅས། གྲོང་དང
322a6 ཡུལ་མི་འཁོར་དང་བཅས་གྲོང་མིར་བཅས་པ་ཁྱིམ་གྱི་ནང་ནས་བྱུང་སྟེ། རོལ་མོ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་།
322a7 མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཐོགས་ནས། མཆོད་རྟེན་དེ་བཞིན་གཤེགས་པའི་རིང་སྲེལ་གྱི་སྙིང་པོ་ཅན་རྣམས་ལ་མཆོད་པ་བྱས་ནས། ཆོས་མཉན་པའི་ཕྱིར་བཙུན




iiif viewer powered by OpenSeadragon

321b - 322b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo