| | e-texts navigator
|
320a1 ཡོངས་སུ་གཏད། ། མདོ་སྡེ་འཛིན་པའི་ཕན་ཡོན་གྱི་ལེའུ་སྟེ་སུམ་ཅུ་གསུམ་མོ།། ། པ་ཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ།
320a2 བམ་པོ་བཅུ་གཅིག་པ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་བོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ།། གཞོན་ནུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
320a3 ཏིང་ངེ་འཛིན་འདི་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་མཚན་མ་མེད་པ་ལ་གནས་ཏེ། དེ་བཞིན་གཤེགས་པ་བཞུགས
320a4 པའམ། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མཆོད་པ་རྒྱ་ཆེར་བྱ་བ་ལ་མངོན་པར་བརྩོན་པར་བྱའོ།། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ
320a5 ཆེན་པོ་དེས། སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་བསྐྱེད་པས། ཏིང་ངེ་འཛིན་འདི་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར
320a6 འདོད་པས། མཚན་མ་མེད་པ་ལ་གནས་ཤིང་། ལས་ཀྱི་རྣམ་སྨིན་ལ་མི་རེག་པས། རང་གི་ལུས་དང་སྲོག་གིས་ཀྱང་དེ་བཞིན་གཤེགས་པ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས
320a7 པ་དག་གི་མཆོད་རྟེན་ལ་མཆོད་པ་མངོན་པར་འདུ་བྱ་བ་རྒྱ་ཆེན་བྱའོ། ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་ཡང་། སྐད་གསང་མཐོ་ཞིང་ཡིད་དུ་འོང་བ་དང
iiif viewer powered by OpenSeadragon
319b - 320b