e-texts navigator
Collection
Volume
Page
Wylie

319a1 བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ།། བསམ་གྱིས་མི་ཁྱབ་འདི་དག་བཤད།། དཔའ་བོ་མཐའ་འདིར་གནས་པ་ཡི།། བྱང་ཆུབ་སེམས་དཔའ་གྲགས་ལྡན་རྣམས།། དབྱངས།།
319a2 ཀྱི་ཡན་ལག་རྣམས་འབྱིན་པ།། གངྒཱ་ཡི་ནི་བྱེ་མ་སྙེད།། དེ་བས་དཔྱད་ཀྱང་བསམ་ཡས་ཏེ།། བྱང་ཆུབ་སེམས་དཔའ་རློམ་སེམས་མེད།། རློམ་སེམས་རབ་ཏུ་སྤངས་པ་ན།། བྱང་ཆུབ་ཏུ་ཡང
319a3 ཉེ་བར་འགྱུར། ། དེ་དག་སྲོག་གི་ཕྱིར་ཡང་ནི།། ཚུལ་ཁྲིམས་འབྲལ་བར་མི་བྱེད་དེ།། བྱང་ཆུབ་སེམས་དཔའ་དཀའ་ཐུབ་བརྟན།། དེ་ནི་མི་འབྲལ་སྤྱོད་པར་བྱེད།། འདོད་པ་ཡི་ནི་འདུ་ཤེས་ཀྱི།།
319a4 དེ་ཀུན་ཕྱིར་ཡང་མི་འབྲལ་ཏེ།། འདུ་ཤེས་ཐམས་ཅད་སྤངས་པ་ལ།། ཏིང་འཛིན་དག་ནི་དཔག་ཏུ་མེད།། མཉམ་པར་བཞག་པས་དེ་སྤྱོད་དེ།། ཏིང་འཛིན་ལ་ཡང་ཆགས་པ་མེད།། ཆགས
319a5 པ་མེད་ཅིང་བག་ཡོད་པས། ། དེ་ནི་འཇིག་རྟེན་ཆགས་མི་བྱེད།། འཇིག་རྟེན་ཁམས་ནི་འདས་ནས་ཀྱང་།། བདེ་བ་ཅན་དུ་དེ་འགྲོ་སྟེ།། དེར་སོང་ནས་ནི་དེ་ཡིས་ཀྱང་།། སངས་རྒྱས་འོད་དཔག་མེད
319a6 པ་མཐོང་། ། བྱང་ཆུབ་སེམས་དཔའ་དཔའ་བོ་གང་།། མཚན་རྣམས་ཀྱིས་ནི་ལེགས་པར་བརྒྱན།། མངོན་ཤེས་ལྔ་ལྡན་ཤེས་རབ་ཆེ།། གཟུངས་རྣམས་སྤྱོད་ཡུལ་གྱུར་པ་དག། ཞིང་རྣམས
319a7 བྱེ་བར་རབ་འགྲོ་ཞིང་། ། སངས་རྒྱས་ཞབས་ལ་ཕྱག་ཀྱང་འཚལ།། སངས་རྒྱས་ཞིང་ནི་བས་མ་ཡས་སུ།། སྣང་བར་བྱེད་ཅིང་འགྲོ་བར་འགྱུར།། སྐྱོན་རྣམས་ཐམས་ཅད་རབ་སྤངས་ཤིང་།། ཉོན




iiif viewer powered by OpenSeadragon

318b - 319b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo