e-texts navigator
Collection
Volume
Page
Wylie

318b1 འགྱུར། ། སེམས་ཅན་བྱེ་བ་བསམ་ཡས་རྣམས།། སངས་རྒྱས་ཡེ་ཤེས་འགོད་པར་བྱེད།། རྨ་བྱ་ཀ་ལ་བིངྐ་དང་།། ཤང་ཤང་དིའུ་དང་བྱ་རྣམས་ཀྱང་།། དེ་དག་རབ་དུ་སྒྲ་འབྱིན་པ།
318b2 ངས་རྒྱས་སྒྲ་ནི་བླ་ན་མེད།། ཀུ་ལན་རི་སྐེགས་ཁྲུང་ཁྲུང་དང་།། ཁུ་བྱུག་དང་ནི་བྱ་རྣམས་ཏེ།། དེ་དག་སྒྲ་ནི་འབྱིན་པ་ཡང་།། བསམ་གྱིས་མི་ཁྱབ་ཆོས་སྒྲ་འབྱིན།། ནེ་ཙོ་ངང་པ་ཀཱ་རན་འདའ།
318b3 ངུར་པ་དང་ནི་ས་ར་ས།། དེ་དག་སྒྲ་རྣམས་འབྱིན་པ་ནི།། བླ་མེད་དགེ་འདུན་སྒྲ་ཡང་འབྱིན།། ལྷ་དག་གི་དང་མི་ཡི་ནི།། བྱ་རྣམས་ཇི་སྙེད་གང་ཡོད་པ།། དཀོན་མཆོག་གསུམ་གྱི་བསྔགས་པ
318b4 རྣམས། ། དེ་དག་ཀུན་དུ་སྒྲ་ཡང་འབྱིན།། རིན་པོ་ཆེ་ཡི་ཤིང་རྣམས་ནི།། བྱེ་བྲག་འཕགས་ཤིང་བལྟ་ན་སྡུག། ཡིད་འོང་ནོར་བུའི་ཤིང་རྣམས་ཀྱང་།། ཞིང་འདི་ཉིད་དུ་རྣམ་པར་སྤྲུལ།། ཤིང་འདི
318b5 ཀུན་ལ་རྒྱན་རྣམས་ཀྱི། ། ཆུན་པོ་ཐམས་ཅད་རབ་དུ་འཕྱང་།། སངས་རྒྱས་དག་གི་མཐུ་ཡིས་ནི།། ཞིང་འདི་ཉིད་དུ་མངོན་པར་སྤྲུལ།། ཞིང་འདི་ཉིད་ནི་མི་སྣང་བ།། དེ་ལྟ་བུ་ཡི་བཀོད་པ་ནི།། ཞིང
318b6 ཀུན་ན་ཡང་ཡོད་མེད་དེ། ། དེ་ཚེ་ཤིན་དུ་བྱེ་བྲག་འཕགས།། གོང་མ་བཞིན་དུ་འདི་དག་རྣམ།། ཤཱཀྱ་སེང་གེ་སྐྱོབ་པས་བཤད།། བྱང་ཆུབ་སེམ་དཔའ་གྲག་ཆེན་རྣམ།། ཡེ་ཤེས་དེ་ལ་ནེམ་ནུར་མེད།། གང་གིས་མཐའ
318b7 བ.རི་རྟོགས་པ་ནི། ། དེ་དག་འཇུག་པ་བསམས་ཡས་ཏེ།། ཡེ་ཤེས་ཀྱིས་ནི་རྣམ་པར་འཕེལ།། འབབ་ཆུ་དག་གིས་རྒྱ་མཚོ་བཞིན།། དེ་དག་ལ་ཡང་མཐའ་མི་རྙེད།། རྒྱ་མཚོ་དག་ནི་འཐུང་བ་བཞིན།།




iiif viewer powered by OpenSeadragon

318a - 319a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo