| | e-texts navigator
|
310b1 སྡེ་འདི་ལ་སུ་དགའ་བ། ། དེ་དག་སངས་རྒྱས་ཀུན་གྱིས་གཟིགས།། དེས་ནི་སངས་རྒྱས་རི་མོར་བྱས།། མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར།། མདོ་འདི་ལ་སུ་དགའ་བ།། དེ་དག་ཆོས་རྣམས་ཐམས་ཅད
310b2 ལ། ། ཐེ་ཙོམ་དང་ནི་ནེམ་ནུར་མེད།། དེ་དག་མྱ་ངན་འདས་དང་ཉེ།། བྱ་རྒོད་ཕུང་པོར་དེ་བཞིན་གཤེགས།། དཔའ་བོ་ཆེན་པོ་དེ་ཡིས་མཐོང་།། ཐམས་ཅད་སངས་རྒྱས་ལུང་བསྟན་ཏེ།། རྒྱལ་བ་བྱམས
310b3 པ་མཐོང་བར་འགྱུར། ། སངས་རྒྱས་བྱམས་པ་མཐོང་ནས་ནི།། བཟོད་པ་བཟང་པོ་ཐོབ་པར་འགྱུར།། གང་སུ་ཟད་པའི་དུས་ལ་ཡང་།། མདོ་སྡེ་འདི་ལ་རབ་གནས་པ།། དེ་དག་ཡང་དག་མཐའ་ལ
310b4 གནས། ། ཡང་དག་མཐའ་ནི་བསམ་མི་ཁྱབ།། བསམ་གྱིས་མི་ཁྱབ་མཐའ་ལ་ནི།། དེ་དག་ནེམ་ནུར་ཡོད་མ་ཡིན།། རྡུལ་ཕྲན་ཙམ་ཡང་རྣམ་པ་ཀུན།། དེ་དག་ལ་ཡང་ཐེ་ཙོམ་མེད།། རྡུལ
310b5 ཙམ་རབ་ཏུ་སྤངས་པ་ནི། ། དེ་དག་བྱང་ཆུབ་རྙེད་མི་དཀའ།། ཟད་དུས་ཤིན་ཏུ་འཇིགས་པ་ལ།། དཀའ་བ་དག་ནི་སྤྱད་བྱས་ཏེ།། མདོ་སྡེ་རིན་ཆེན་འདི་བསླབས་ན།། སྤོབས་པ་དག་ཀྱང་མི་ཟད་འགྱུར།། མདོ་སྡེ་འདི་ནི
310b6 རབ་སྟོན་ན། ། སངས་རྒྱས་རྣམས་ཀྱི་མཛོད་བསྲུང་སྟེ།། འདི་ནི་སངས་རྒྱས་ཀུན་མཆོད་པ།། ཆོས་ཀྱི་མཆོད་པ་བསམ་མི་ཁྱབ།། མ་རུངས་ཟད་པའི་དུས་ལ་ནི།། མདོ་སྡེ་འདི་དག་གང་འཛིན་པ།། དེ
310b7 དག་ཡེ་ཤེས་རྙེད་མི་དཀའ། ། སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ།། གང་གིས་སྔོན་གྱི་སངས་རྒྱས་ལ།། མདོ་སྡེ་འདི་དག་བཟུང་བ་ནི།། དེ་དག་ལུས་ལ་འཆང་གྱུར་ཏེ།། ཟད་པའི་དུས་ལ་རབ་ཏུ་འདོན།།
iiif viewer powered by OpenSeadragon
310a - 311a