| | e-texts navigator
|
310a1 འཇིག་རྟེན་གྱི་ནི་མགོན་པོ་དང་།། དེ་དག་མཚུངས་གནས་མ་གཏོགས་སོ།། དེ་དག་སྤྱི་ཅེར་མི་འགྱུར་ཏེ།། མགོ་ལ་སྐྲ་དཀར་མི་འབྱུང་ཞིང་།། རགས་པའི་རྒ་བ་མི་འབྱུང་།
310a2 སྟེ།། དེ་བཞིན་སྡུག་བསྔལ་འཆི་བ་མེད།། ཐེ་ཙོམ་ཡིད་གཉིས་མི་འབྱུང་སྟེ།། དེ་དག་ལ་ནི་ནེམ་ནུར་མེད།། མདོ་སྡེ་བྱེ་བ་རྒྱ་རྣམས་ནི།། ཉིན་མཚན་དུ་ཡང་དེ་དག་ཚོལ།། ཇི་སྙེད་ཀུན་ནས་ཉིན
310a3 མོངས་ཀྱི། ། བག་ལ་ཉལ་ནི་རབ་ཏུ་སྤངས།། དེ་དག་སེམས་ཅན་ཐམས་ཅད་ལ།། རྟག་ཏུ་མཉམ་པའི་སེམས་སུ་འགྱུར།། ཏིང་འཛིན་བྱེ་བ་ཁྲག་ཁྲིག་རྣམས།། ཕྱོགས་བཅུ་དག་ཏུ་ངེས་པར་སྟོན།།
310a4 དྲིས་པ་བྱེ་བ་སྟོང་རྣམས་ཀྱང་།། མི་གནས་པར་ནི་ལུང་བསྟན་ཏོ།། ཕོ་དང་མོར་ནི་འདུ་ཤེས་དང་།། འདུ་ཤེས་ཐམས་ཅད་རྣམ་པར་བཤིག། དངོས་མེད་པ་དུ་ཤེས་གནས་ནས་ནི།། ཡང་དག་ངེས
310a5 པར་སྟོན་པར་བྱེད། ། ཡོངས་སུ་དག་པའི་ཡེ་ཤེས་ཀྱིས།། ཇི་བཞིན་དུ་ནི་ཆོས་སྟོན་ཏེ།། ཆོས་རྣམས་ཡང་དག་བསྟན་ལ་བརྩོན།། ཏིང་འཛིན་ཡེ་ཤེས་སྤྱོད་ཡུལ་ལྡན།། དེ་ཡི་ཏིང་འཛིན་སྤྱོད་པ
310a6 ཡང་། ། དངོས་པོ་དག་ལ་མི་གནས་ཏེ།། དེ་ཡི་ཚིག་ཀྱང་དོན་མེད་མིན།། ཆོས་བསྟན་པ་ཡང་འབྲས་བུ་ཡོད།། མདོ་སྡེ་འདི་ལ་སུ་དགའ་བ།། དེས་ནི་མིར་འགྱུར་ལེགས་པ་ཐོབ།། མི་ཁོམ་ཐམས་ཅད་རབ།
310a7 ཏུ་སྤངས།། སངས་རྒྱས་ཀུན་ལ་བྱས་པ་གཟོ།། གང་གིས་རིན་ཆེན་མདོ་འདི་ལས།། ཚིག་བཞི་ཚོགས་ཅད་བཟུང་བ་ཡང་།། དེས་ནི་འཁོར་བ་གང་བོར་བ།། བསྐལ་པ་བསམ་གྱིས་མི་ཁྱབ་པོ། མདོ
iiif viewer powered by OpenSeadragon
309b - 310b