| | e-texts navigator
|
306b1 མ་ཨེད་པའི་ཆོས་རྣམས་བརྟམས་པས
306b2 འགྱུར། ། བྱིས་པའི་བློ་ཅན་མཚོན་ཆ་ཡི།། གཅིག་ལ་གཅིག་ནི་གསོད་པར་བྱེད།། དེ་ལྟ་བུས་ནི་སྦྱོར་བ་དག། དེ་དག་སྦྱོར་བ་རབ་ཏུ་འཕེལ།། ང་ཡི་བུ་ཡི་ནོར་སྙམ་དུ།། བྱིས་པའི་བློ་ཡིས་རབ་བརྟགས་ཏེ།།
306b3 འཁོར་བ་དག་ནི་ཕྱིར་ཞིང་འཕེལ།། འཁོར་བ་དག་ནི་འཕེལ་བྱེད་ཅིང་།། སོ་སོའི་སྐྱེ་བོ་དེ་དག་འཁོར།། སོ་སོ་ཐ་དད་འགྲོ་བས་ན།། སོ་སོའི་སྐྱེ་བོར་བརྗོད་པ་ཡིན།། སངས་རྒྱས་བསྟན་ཐོབ
306b4 ནས་ནི། ། ཆོས་རྣམས་མང་པོ་རབ་ཏུ་འཆད།། བདུད་ཀྱི་དབང་དུ་སོང་བས་ན།། དེ་དག་ཐར་པ་རྙེད་མི་འགྱུར།། འདོད་པའི་ཕྱིར་ནི་བྱིས་པ་རྣམས།། བུད་མེད་རུལ་ལ་སྟེན་བྱེད་དེ།། འགྲོ་བ་རུལ་པར
306b5 འགྲོ་འགྱུར་ཞིང་། ། དེས་ནི་ངན་འགྲོར་ལྟུང་བར་འགྱུར།། འཇིགས་པ་ཆེན་པོའི་ཞགས་པ་ནི། བུད་མེད་ཞགས་པ་མི་བཟད་པས།། སངས་རྒྱས་རྣམས་ཀྱིས་འདོད་པ་དང་།། བུད་མེད་བསྟེན་པའང
306b6 མ་བསྔགས་སོ། ། ལམ་འདི་བྱང་ཆུབ་མི་འགྱུར་བས།། བུད་མེད་རྣམས་ལ་མ་རྟེན་པར།། སྦྲུལ་གདུག་ཤིན་ཏུ་ཁྲོ་བོ་ལྟར།། མཁས་པས་དེ་ནི་རྣམ་པར་སྤོང་།། སངས་རྒྱས་ཀུན་གྱིས་བསྟན་པ་ཡི།།
306b7 བྱང་ཆུབ་ལམ་ལ་སྒོམ་པར་བྱེད།། ལམ་དེ་གོམས་པར་བསྒོམས་བྱས་ན།། བླ་མེད་སངས་རྒྱས་གྲུབ་པར་འགྱུར།། དེ་དག་བླ་ན་མེད་འགྱུར་ཏེ།། འཇིག་རྟེན་གྱི་ནི་མཆོད་རྟེན་འགྱུར།། བླ་ན་མེད་པའི
306b8 ཡེ་ཤེས་ཀྱིས། ། སངས་རྒྱས་བླ་ན་མེད་པར་འགྱུར།། གསོ་སྦྱོང་དག་ལ་བསྙེན་བྱེད་ཅིང་།། ཚུལ་ཁྲིམས་ཕུང་པོར་ཡང་དག་འཛུད།། སེམས་ཅན་བྱེ་བ་བསམ་མི་ཁྱབ།། བྱང་ཆུབ་ཏུ་ཡང་ཡང་དག
iiif viewer powered by OpenSeadragon
306a - 307a