| | e-texts navigator
|
305a1 དུ་མེད་ཅིང་བཟུང་མེད་པར། ། དེ་ལྟར་དབྱངས་ཀྱིས་བསྟན་མོད་ཀྱི།། དེ་ནི་དབྱངས་ཀྱིས་ས་མ་ཡིན།། ཐུབ་པ་དག་གི་ཆོ་འཕྲུལ་འདི།། སངས་རྒྱས་མྱ་ངན་འདས་པ་ཡིན།། སངས
305a2 རྒྱས་སྐུ་གཟུགས་སྣང་འགྱུར་ཏེ། ། དེ་གནས་ཡིད་ལ་བྱས་པ་ནི།། ཆོ་འཕྲུལ་རྣམས་ཀྱང་དེ་ཡིས་མཐོང་།། གང་གིས་མྱ་ངན་འདས་པ་རེག། སེམས་ཅན་དེ་ནི་མི་རྙེད་དེ།། དེ་བཞིན་ཆོས་རྣམས་རབ་བསྟན་ཅིང་།།
305a3 སེམས་ཅན་མང་པོ་གྲོལ་བར་བྱས།། ཇི་ལྟར་ཉི་མ་ཟླ་བ་དག། ཁར་པའི་སྣོད་དུ་སྣང་བ་ཡང་།། རང་གི་གཟུགས་ནི་མི་འཕོ་ལྟར།། ཆོས་ཀྱི་མཚན་ཉིད་དེ་འདྲའོ།། ཆོས་རྣམས་མིག་ཡོར་ལྟ་བུར་ཡང་།། གང
305a4 གིས་ངོ་བོ་ཉིད་ཤེས་པ། ། དེ་དག་གཟུགས་ཀྱི་ལུས་སུ་ནི།། སངས་རྒྱས་སྐུ་ལ་མི་ལྟའོ།། ཆོས་འདི་ལུས་གཟུགས་མེད་པ་སྟེ།། འདི་ལ་ལུས་གཟུགས་གང་ཡང་མེད།། ཆོས་གང་ལུས་གཟུགས་མེད་པ་ནི།།
305a5 དེ་ནི་སངས་རྒྱས་སྐུ་ལུས་སུ།། སུ་དག་ཆོས་ཀྱི་སྐུར་ལྟ་བ།། དེ་དག་གིས་ནི་འདྲེན་པ་མཐོང་།། རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ།། དེ་ནི་རྫོགས་པའི་སངས་རྒྱས་མཐོང་།། བརྟེན་ཅིང་སོ་སོར་བསྟན་པ་སྟེ།། སོ
305a6 སོམ་ཡིན་སོ་སོར་བཤད། ། དགེ་སྦྱོང་ཉིད་ནི་སུ་འདོད་པ།། འཇུག་པ་འདི་ནི་རིགས་པར་གྱིས།། གང་དག་བདག་གིས་ཐོབ་སྙམ་པ།། དེ་ཕྱིར་མ་ཐོབ་པ་ཞེས་བྱ།། གང་གིས་དགེ་སྦྱོང་ཉིད་མ་ཐོབ།། དེ་ཕྱིར་དགེ
305a7 སྦྱོང་ཞེས་ཀྱང་བྱ། ། སུ་དག་བསླབས་པར་མ་གྱུར་པ།། ཟབ་མོའི་ཆོས་འདི་ག་ལ་སྨྲ།། དེ་དག་ཟབ་མོའི་མིང་དུ་ཡང་།། ཡོངས་སུ་བརྗོད་པར་མི་ནུས་སོ།། ཕུང་པོ་ལྔ་ནི་དངོས་མེད་དེ།། མེད་པ་ལས་ནི་འདི
iiif viewer powered by OpenSeadragon
304b - 305b