e-texts navigator
Collection
Volume
Page
Wylie

304a1 ཁམས་ནི་སྟོང་དག་ཏུ། ། ངས་ནི་མདོ་སྡེ་གང་བཤད་པ།། ཚིག་འབྲུ་ཐ་དད་དོན་ཅིག་སྟེ།། ཐམས་ཅད་བརྗོད་པར་ནུས་མ་ཡིན།། ཚིག་གཅིག་རྣམ་པར་བསྒོམས་ན་ནི།། དེ་དག་ཐམས
304a2 ཅད་བསྒོམས་པར་འགྱུར། ། སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས།། ཆོས་རྣམས་མང་པོར་རབ་བཤད་པ།། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད།། མི་གང་དོན་ལ་མཁས་པ་དག། ཚིག་འདི་བསླབས་པར་གྱུར
304a3 པབ་ལ། ། སངས་རྒྱས་ཆོས་རྣམས་དཀོན་མ་ཡིན།། ཆོས་ཀུན་སངས་རྒྱས་ཆོས་ཡིན་ཏེ།། ཆོས་ཉིད་ལ་ཡང་གང་བསླབས་པ།། ཆོས་ཉིད་རབ་ཏུ་ཤེས་པ་ནི།། ཆོས་ཉིད་དང་ཡང་འགལ་མི་བྱེད།། ཚིག་ཀུན་ཀྱང
304a4 ནི་སངས་རྒྱས་ཚིག། སྒྲ་ཀུན་དངོས་པོ་མེད་པ་སྟེ།། ཕྱོགས་བཅུ་དག་ཏུ་བཙལ་ན་ཡང་།། སངས་རྒྱས་ཚིག་ནི་མི་རྙེད་དོ།། ཚིག་འདི་སངས་རྒྱས་ཚིག་ཡིན་ཏེ།། ཕྱོགས་བཅུ་དག་ཏུ་རབ་བཙལ་ཀྱང་།། བླ་མེད
304a5 འདི་ནི་མི་རྙེད་དོ། ། མ་རྙེད་སྙེད་པར་མི་འགྱུར་རོ།། སངས་རྒྱས་ཚིག་ནི་བླ་ན་མེད།། ལྷག་ན་མེད་པ་སངས་རྒྱས་ཚིག། དེ་ལ་རྡུལ་ཙམ་མི་རྙེད་པས།། དེ་ཚེ་བླ་ན་མེད་ཅེས་བརྗོད།། ཆོས་ནི་རྡུལ་ཙམ་མི་སྐྱེ་སྟེ།
304a6 རྡུལ་ཙམ་སླར་ནི་བཤད་པ་ཡིན།། རྡུལ་ཙམ་རྙེད་པར་མ་གྱུར་ཀྱང་།། འཇིག་རྟེན་དུ་ནི་སྒྲ་ཡིས་བཤད།། ཆོས་རྣམས་རྙེད་མེད་རྙེད་པ་སྟེ།། རྙེད་པ་ལ་ཡང་རྙེད་པ་མེད།། དེ་ལྟར་ཆོས་རྣམས་གང་ཤེས་པ།།
304a7 བྱང་ཆུབ་དམ་པ་རྟོགས་པར་འགྱུར།། བྱང་ཆུབ་བླ་མེད་དེས་རྟོགས་ནས།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཆོས་རྣམས་འཁོར་ལོ་རབ་བསྐོར་ནས།། སངས་རྒྱས་ཆོས་རྣམས་སྟོན་པར་བྱེད།། སངས




iiif viewer powered by OpenSeadragon

303b - 304b

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo