| | e-texts navigator
|
303b1 ཤེས་པ་ཆེན་པོའི་བྱི་དོར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོ་མཆོག་ཏུ་མི་འཛིན་པ། ཏིང་ངེ་འཛིན་གྱི་ཕུང་པོ་རློམ་སེམས་མེད་པ། ཤེས
303b2 རབ་ཀྱི་ཕུང་པོ་རྒྱུ་བ་མེད་པ། རྣམ་པར་གྲོལ་བའི་ཕུང་པོ་དབེན་པར་མཐོང་བ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ
303b3 ཆེན་པོ་མངོན་པར་ཤེས་པ་དེ་དང་ལྡན་པས། ཏིང་ངེ་འཛིན་གྱི་རྣམ་པར་སྤྲུལ་པ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་འདི་ནི། གཞོན་ནུ་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན
303b4 པོའི་བྱི་དོར་བྱ་བ་ཡིན་ནོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་ཆེན་པོའི་བྱི་དོར་བྱ་བ་བསྟན་པ་ཆོས་ཀྱི་རྣམ་གྲངས་འདི་ཟླ་འོད་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པའི
303b5 དབྱངས་ཀྱིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། ། མངོན་ཤེས་ཆེན་པོ་ཡོངས་སྦྱངས་པ།། རྩོད་པ་མེད་པར་བསྟན་པ་སྟེ།། བརྩོད་པ་དག་ལ་གང་སྤྱོད་ཅིང་།། འཛིན་པར་བྱེད་པ་དེ་མི་མཐར།། མངོན་ཤེས
303b6 དེ་ཡི་ཤེས་རབ་སྟེ། ། སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ།། འཛིན་པ་ལ་ནི་གང་གནས་པ།། དེ་ལ་ཡེ་ཤེས་ཡོད་མི་འགྱུར།། གང་དག་སྒྲ་ཡིས་བསྟན་པ་ཡི།། ཆོས་རྣམས་མང་པོ་བསམ་མི་ཁྱབ།། སྒྲ་དེ་ལ་ཡང
303b7 གང་ཆགས་པ། ། དགོངས་པའི་བཤད་པ་མི་ཤེས་སོ།། ཅིང་ལ་དགོངས་ཏེ་བཤད་པ་ཡི།། དགོངས་པ་དག་ནི་མི་ཤེས་པ།། ཆོས་ཉིད་ལ་ནི་མ་བསླབས་པས།། ཆོས་མ་ཡིན་པ་ཆོས་སུ་འཆད།། འཇིག་རྟེན
iiif viewer powered by OpenSeadragon
303a - 304a