e-texts navigator
Collection
Volume
Page
Wylie

298b1 མཆོག་འདི་འཛིན་པ་ནི། ། དེ་ལ་ངན་འགྲོའི་འཇིགས་པ་མི་འབྱུང་སྟེ།། མི་ཁོམ་མེད་ཅིང་ལོག་ལྟུང་འཇིགས་པ་མེད།། ལོག་ལྟུང་འཇིགས་པ་ཀུན་ལས་ཡོངས་སུ་གྲོལ།། མི་གང་ཏིང་འཛིན་མཆོག་འདི
298b2 འཛིན་པ་ནི། ། སངས་རྒྱས་ཆོས་མཆོག་ཞིབ་མོ་ཐོས་ནས་ཀྱང་།། དེ་ལ་ནེམ་ནུར་ཡིད་གཉིས་མི་འབྱུང་སྟེ།། ཡེ་ཤེས་ཟབ་མོའི་རྗེས་སུ་སོང་བ་ཡིན།། མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི།། ཕྲ་བའི་ཆོས
298b3 རྣམས་གང་དག་ཅི་ཐོས་ཀྱང་། ། ཐམས་ཅད་ལ་ནི་དབང་གི་ཕ་རོལ་སོང་།། གཏན་ཚིགས་ཞིབ་ཅིང་སྟོབས་དང་ལྡན་པར་འགྱུར།། མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི།། རྒྱལ་བས་གསུངས་ནི་དེ་སྐད་རབ
298b4 བཤད་དེ། ། རྟག་པར་དག་ནི་དེ་ལྟར་བྱ་སྙམ་ན།། གཟུངས་ནི་བྱེ་བྲག་འཕགས་པ་མཆོག་ཐོབ་འགྱུར།། མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི།། ནམ་ཚེ་དེ་ཡང་འཆི་བའི་དུས་བྱེད་པ།། འོད་དཔག་མེད
298b5 པ་ཐུགས་རྗེར་ལྡན་པ་ནི། ། དགེ་སློང་ཚོགས་བཅས་དེ་ཡི་མདུན་ན་བཞུགས།། མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི།། དེ་དག་གཟུངས་རྣམས་རབ་ཏུ་ཐོབ་པར་འགྱུར།། ཆོས་ཀྱི་གཏེར་ལ་དབང་བའི་ཕ
298b6 རོལ་ཕྱིན། ། སྤོབས་དང་ལྡན་ཞིང་ཚིག་ཀྱང་རྒྱུན་མི་འཆད།། མི་གང་ཏིང་འཛིན་མཆོག་འདི་འཛིན་པ་ནི།། ཆོས་འཛིན་དེ་དག་གང་དུ་སོང་བ་ཡང་།། འགྲོ་བ་དག་ལ་ཀུན་ཏུ་སྣང་བར་འགྱུར།། ཤིན་ཏུ་སྤྱོད་པ
298b7 ཞི་ཞིང་ཡིད་རབཞི། ། རབ་ཏུ་དགའ་དང་དྲི་མེད་འོད་བྱེད་དང་།། འོད་འཕྲོ་ཤིན་ཏུ་སྦྱང་དཀའ་མངོན་གྱུར་དང་།། རིང་དུ་སོང་དང་མི་གཡོ་ལེགས་པའི་བློ།། ཆོས་སྤྲིན་ས་བཅུ་པོ་ཡང་ཐོབ་པར་འགྱུར།། ཚེ་དང་ལས་དང




iiif viewer powered by OpenSeadragon

298a - 299a

Texts on this page

S69 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo