e-texts navigator
Collection
Volume
Page
Wylie

74b1 གཞན་དག་གི་སངས་རྒྱས་ཀྱི་ཞིང་གཞན་དུའང་། འཁོར་བཞི་ཡོངས་སུ་སྤྱོ་སྟེ། ཆོས་ཉན་པའི་ཕྱིར་མི་འོང་བར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་དེ་ངས་ཀྱང་བདག་བདག་གི་སངས་རྒྱས་ཀྱི་ཞིང
74b2 དུ་ཡང་དག་འཇོག་ལ་བཞུགས་པའི་ཚུལ་གྱིས། འཁོར་བཞི་ཡོངས་སུ་སྒོམ་པར་མཛད་དོ།། ཡང་དེའི་ཚེ་ན། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་བཞི་སྟོང་འདས་པ་ན
74b3 ཀུན་ཏུ་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན། འཇུག་སྲེད་ཀྱི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་འཚོ་ག་ཞེས་ཤིང་ཆོས་ཀྱང
74b4 སྟོན་ཏོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་། དེ་བཞིན་གཤེགས་པའི་བགྲོ་བ་བགྲོ་བའི་ཕྱིར་དེར་འདུས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མ་བགྲོས་པའམ་བགྲོ་བར་མི་མཛད་པ་མེད
74b5 དོ། ཆོས་བཤད་པ་དང་། སེམས་ཅན་འདུལ་བའི་ཕྱིར། དེ་བཞིན་གཤེགས་པ་དག་བགྲོ་བ་མཛད་དོ།། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་སོ།། སངས་རྒྱས་བཅོམ
74b6 ལྡན་འདས་དེ་དག་གང་དུ་འདུ་བར་འགྱུར་ཞེས་དགོངས་པ་ལས། དེ་འདི་སྙམ་དུ་གྱུར་ཏེ། ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་འདུ་བར་འགྱུར་ཏེ། འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱད
74b7 ཁྲི་བཞི་སྟོང་འདས་པ་ན། འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇུག་སྲེད་ཀྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས




iiif viewer powered by OpenSeadragon

74a - 75a

Texts on this page

S51 - 'phags pa sangs rgyas bgro ba zhes bya ba theg pa chen po'i mdo