| | e-texts navigator
|
264b1 ང་སྲིད་པ་ལ། ནད་ད་ས། སྡུག་རྣམ་པར་སྦྱིན་ཀྱིམ་ན་ཤཱ་རྗེས་སུ་མཐུན་པ་ད་དེ་གཤེགས་པས་ཤིང་དདུས་སུས་སྨྱེ་།
264b2 ལའི་མགོ་བཞིན་རྩ་བ་ནས་བཅད་དེ། འགྲོ་བ་སྣང་བ་མེད་པ་སྟེ། ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི
264b3 ཁམས་འདི་རྣམ་པ་གསུམ་དུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ།། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ།། ལྡེག། རབ་ཏུ་ལྡེག། ཀུན་ཏུ་ལྡེག།
264b4 ཀུན་ཏུ་རབ་ཏུ་ལྡེག་གོ། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འདུག་ཅིང་བསིལ་ཡབ་ཐོགས་ནས། བཅོམ་ལྡན་འདས་ལ་གཡོག་ཅིང་། བཅོམ་ལྡན་འདས་ལ་འདི
264b5 སྐད་ཅེས་གསོལ་ཏོ། ། བཙུན་པ་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལེགས། ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱིས་རྣམ་གྲངས་འདི་ནི། རྒྱུའི་དྲི་བ་ཞེས་བྱ་བར་ཡང་ཟུང་ཤིག།
264b6 དོན་གྱི་དྲ་བ་དང་། ཆོས་ཀྱི་དྲ་བ་དང་། ཚངས་པའི་དྲ་བ་ཞེས་བྱ་བར་ཡང་ཟུང་ཤིག། དེ་བས་ན་ཚངས་པའི་དྲ་བ་ཞེས་བྱ་བ་འདི་ནི། ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་སོ།། བཅོམ
264b7 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། བར་གྱི་སྡོམ་ནི། རྟག་དང་གཅིག་པུ
iiif viewer powered by OpenSeadragon
264a - 265a