e-texts navigator
Collection
Volume
Page
Wylie

264a1 འབྱུང་བ་མ་ཡིན་པར་འགྱུར་བ་དེ་ནི་གནས་མེད་དོ། ། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་ཞིང
264a2 མངོན་པར་བརྗོད་པ་དག་གཞི་ལྔ་པོ་དག་ལ་སྟེ་ཞེས་བྱ་བའི་བར་དུའོ། ། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པར་སྲིད་ཀྱི།། རྟོན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པར་འགྱུར་བ་འདི་ནི་གནས་མེད་དོ།།
264a3 དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དེ་དག་སྔོན་གྱི་མཐའ་ལ་རྟོག་ཅིང་རྟག་པར་སྨྲ་བ་དག་མཐོང་བའི་ཆོས་ལ། བདག་དང་འཇིག་རྟེན་ནི་རྟག་གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི་གཞི།
264a4 གཞི་པོ་དག་ལ་སྟེ། དེ་ཡང་རེག་པའི་རྐྱེན་ལས་བྱུང་བར་སྲིད་ཀྱི་རེག་པས་བྱུང་བ་ལས་གནས་གཞན་པའི་ཚོར་བར་འགྱུར་བ་འདི་ནི་གནས་མེད་དོ།། ཕྱི་མའི་མཐའ་ལ་རྟོག་ཅིང་ཞེས་བྱ་བ་ནི་མཐོང་བའི
264a5 ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་ཞིང་མངོན་པར་བརྗེད་པ་ནི་འདི་ལྟ་སྟེ། གཞི་ལྔ་པོ་དག་ལའོ་ཞེས་བྱ་བའི་བར་དུའོ།། དེ་ཡང་རེག་པའི
264a6 རྐྱེན་ལས་བྱུང་བར་སྲིད་ཀྱི། རེག་པ་ལས་བྱུང་བ་ལས་གཞན་པའི་ཚོར་བར་འགྱུར་བ་འདི་ནི་གནས་མེད་དོ།། དགེ་སློང་དག་གིས་གང་ཚུན་ཆད་རེག་པའི་སྐྱེ་མཆེད་དྲུག་པོ་དག་ནི་ཀུན་འབྱུང་བ་ནུབ་པ་དང་།
264a7 རོ་མྱང་བ་དང་། ཉེས་དམིགས་ཡང་དག་པ་ཇི་ལྟ་བཞིན་ཁོང་དུ་ཆུད་པ་འདི་ནི་འདི་ལྟ་ལྷག་པར་ཡང་དག་པར་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་ཡིན་ནོ།། དགེ་སློང་དག་དེ་ལ་གང་ཟག་པ་ཀུན་ནས་ཉོན་མོངས་པ




iiif viewer powered by OpenSeadragon

263b - 264b

Texts on this page

S62 - tshangs pa'i dra ba'i mdo