e-texts navigator
Collection
Volume
Page
Wylie

262b1 ལ་རྟོག་ཅིང་། ཕྱི་མའི་མཐའ་ལ་གནས་པ། ལྟ་བར་སོང་བ་དག་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ཐམས་ཅད་ཀྱང་། ལྟ་བས་སོང་བ་བཞི་བཅུ་རྩ་བཞི་པོ་འདི་དག་སྟེ། དེ་ལས་མི་ལྷག་མི
262b2 མང་ལ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར
262b3 འཛིན་པ་དང་ཞེས་བྱ་བ་ནས་ཐུགས་སུ་ཆུད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་ཕྱི་མའི་མཐའ་ལ་གནས་པ་ལྟ་བར་སོང་བ
262b4 དག། མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ཐམས་ཅད་ཀྱང་ལྟ་བར་སོང་བ་བཞི་བཅུ་རྩ་བཞི་པོ་འདི་དག་སྟེ། དེ་ལས་མི་ལྷག་མོ་མང་ལ། དེ་དག་དེ་བཞིན་གཤེགས་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ
262b5 ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་ཞེས་བྱ་བ་ནས་ཐུགས་སུ་ཆུད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། །
262b6 དགེ་སློང་དག་དགེ་སྦྱོང་དང་བྲམ་པ་ཤེས་སྤྱན་ལ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་། ལྗིན་གྱི་མཔའ་ལ་གནསས་ལྟ་བར་མང་བ་དག་མངོན་པར་ཞིང་མངོན་པར་བརྗོད་པ་ད།། དྲི་མའི་མབ་ཏོ།
262b7 ཅིང་། ཕྱི་མའི་མཐའ་ལ་གནས་པ་ལྟ་བར་སོང་བ་དག་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ཐམས་ཅད་ཀྱང་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ། དེ་དག་དེ་བཞིན




iiif viewer powered by OpenSeadragon

262a - 263a

Texts on this page

S62 - tshangs pa'i dra ba'i mdo