e-texts navigator
Collection
Volume
Page
Wylie

262a1 དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བ་དག་སྔ་མ་བཞིན་ནོ། ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་ཐཱ
262a2 བདག་ཡོད་དེ། གང་གི་ཚེ་བདག་འདོད་པའི་ཡོན་ཏན་ལྔ་འབྱོར་པར་གྱུར་ཅིང་། རྩེ་དགའ་ཡོངས་སུ་སྤྱོད་པ་དེ་ཙམ་གྱིས་ན། བདག་འདི་མཐོང་བའི་ཆོས་ལ་མྱ་ངན་ལས་བདས་པ་ཐོབ་པ་ཡིན་ནོ།།
262a3 གང་གི་ཚེ་བདག་འདོད་པ་དག་ལས་དབེན་ཞིང་བསམ་གཏན་གཞི་པའི་བར་དུ་རྫོགས་པར་བྱས་ཏེ་གནོས་པ་དེ་ཙམ་གྱིས་ན། བདག་འདི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ་ཞེས་བྱ་བ
262a4 འདི་ནི་གཞི་ལྔ་པའོ། ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས་ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་ལ་རྟོག་ཅིང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་བ་དག། མཐོང་བའི་ཆོས་ལ་མྱ་ངན
262a5 ལས་འདས་པར་མངོན་པར་སྨྲ་ཞིང་མངོན་པར་བརྗོད་དོ། ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག། མཐོང་བའི
262a6 ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ཐམས་ཅད་ཀྱང་གཞི་ལྔ་པོ་པ་དི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ
262a7 ཏུ་མཁྱེན་ཏོ། ། དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་ཞེས་བྱ་བ་ནས་ཐུགས་སུ་ཆུད་དེ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ




iiif viewer powered by OpenSeadragon

261b - 262b

Texts on this page

S62 - tshangs pa'i dra ba'i mdo