e-texts navigator
Collection
Volume
Page
Wylie

260b1 འདུ་ཤེས་ཅན་ཡང་མ་ཡིན་ལ། འདུ་ཤེས་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་སྨྲས་པ་དག། དེ་ཕན་ཆད་བདག་ནི་འདུ་ཤེས་ཅན་ཡང་མ་ཡིན་ལ། འདུ་ཤེས་ཅན་མ་ཡིན་པའང་མ་ཡིན་ནོ་ཞེས་ཁ་ཅིག་མངོན།
260b2 པར་སྨྲ་ཞིང་མངོན་པར་བརྗོད་པ་དག་ནི་གཞི་བརྒྱད་པོ་དག་ལའོ།། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་གི། དེ་ཕན་ཆད་བདག་ནི་གཟུགས་ཅན་ཡིན་ཞིང
260b3 འདུ་ཤེས་ཅན་ཡང་མ་ཡིན་ལ། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་དང་། དེ་ཕན་ཆད་བདག་ནི་གཟུགས་ཅན་མ་ཡིན་པ་དང་། གཟུགས་ཅན་ཡང་ཡིན་ལ་གཟུགས་ཅན་མ་ཡིན་པ་ཡང་ཡིན།
260b4 པ་དང་། གཟུགས་ཅན་ཡང་མ་ཡིན་ལ་གཟུགས་ཅན་མ་ཡིན་པ་ཡང་ཡིན་ཞིང་། འདུ་ཤེས་ཅན་ཡང་མ་ཡིན་ལ་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་དང་། དེ་ཕན་ཆད་བདག་ནི་མཐའ་དང
260b5 ལྡན་པ་ཡིན་ཞིང་འདུ་ཤེས་ཅན་ཡང་མ་ཡིན་ལ། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་དང་། དེ་ཕན་ཆད་བདག་ནི་མཐའ་དང་མི་ལྡན་པ་དང་། མཐའ་དང་ལྡན་པ་ཡང་ཡིན་ལ། མཐའ
260b6 དང་མི་ལྡན་པ་ཡང་ཡིན་ལ། མཐའ་དང་ལྡན་པ་ཡང་མ་ཡིན་ལ། མཐའ་དང་མི་ལྡན་པ་ཡང་མ་ཡིན་ཞིང་འདུ་ཤེས་ཅན་ཡང་མ་ཡིན་ལ་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་འདི་གཞི
260b7 བརྒྱད་པའོ། ། ཅི་ལ་རྟེན་ཅིང་ཅི་ལ་གནས་ནས། ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་ཡང་མ་ཡིན། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་སྨྲ་བ་དག་དེ




iiif viewer powered by OpenSeadragon

260a - 261a

Texts on this page

S62 - tshangs pa'i dra ba'i mdo