e-texts navigator
Collection
Volume
Page
Wylie

260a1 མཐའ་དང་མི་ལྡན་པའང་ཡིན་པ་དང་། མཐའ་དང་ལྡན་པ་ཡང་མ་ཡིན་ལ་མཐའ་དང་མི་ལྡན་པའང་མ་ཡིན་ཞིང་འདུ་ཤེས་ཅན་ཡང་ཡིན་པ་འདི་ནི་གཞི་བརྒྱད་པའོ།། ཅི་ལ་བརྟེན
260a2 ཅིང་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། ། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་མེད་པ་ཅན་དུ་སྨྲ་བ་དག་དེ་ཕན་ཆད་བདག་ནི་འདུ་ཤེས་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ཁ་ཅིག
260a3 མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་དེ་ཐམས་ཅད་ནི་གཞི་བརྒྱད་པོ་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ།། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། དེ་ལས་ལྷག།
260a4 པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། དེ་ལྟར་ན་ལྟ་བར་སོང་བ་འདི་དག་འདི་ལྟར་འཛིན་པ་དང་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ།། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར
260a5 སྣང་བ་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ། ། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་གང་ཞེ་ན་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ།། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི
260a6 མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་ཡང་ཡིན་ལ་འདུ་ཤེས་ཅན་ཡང་མ་ཡིན་པ་ཡིན་པར་སྨྲ་བ་དག་ཡོད་དེ། དེ་ཕན་ཆད་བདག་ནི་འདུ་ཤེས་ཅན་ཡང་ཡིན་ལ་འདུ་ཤེས་ཅན་མ་ཡིན་པ་ཡང་ཡིན་ནོ་ཞེས་ཁ
260a7 ཅིག་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི། འདི་ལྟ་སྟེ། གཞི་བརྒྱད་པོ་དེ་དག་ལའོ།། དགེ་སྦྱོང་དང་བྲམ་ཟེ་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས། ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་ལ་རྟོག་ཅིང




iiif viewer powered by OpenSeadragon

259b - 260b

Texts on this page

S62 - tshangs pa'i dra ba'i mdo