e-texts navigator
Collection
Volume
Page
Wylie

259b1 དག་གཞན་ཟབ་པ་ཟབ་པར་སྣང་བ། ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེས
259b2 པབ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་སྙན་པ་སྨྲ་ཞིང་བརྗོད་པར་བྱེད་པ་གང་ཞེ་ན། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་དུ་སྨྲ་བ་དག་དེ་ཕན་ཆད་ནི་འདུ
259b3 ཤེས་ཅན་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ཡོད་པ་ནི། འདི་ལྟ་སྟེ། གཞི་བརྒྱད་པོ་འདི་དག་ལའོ།། དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས
259b4 ནས། ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་མེད་པ་ཅན་དུ་སྨྲ་བ་དག་དེ་ཕན་ཆད་བདག་ནི་འདུ་ཤེས་མེད་པ་ཅན་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་རྗོད་པ་ནི།།
259b5 འདི་ལྟ་སྟེ། གཞི་བརྒྱད་པོ་དྲུག་ལའོ།། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་ཡོད་དོ།། དེ་ཕན་ཆད་བདག་ནི་གཟུགས་ཅན་ཡང་ཡིན་པ་དང་། དེ་ཕན་ཆད
259b6 བདག་ནི་གཟུགས་ཅན་ཡང་མ་ཡིན་པ་དང་། གཟུགས་ཅན་ཡིན་ལ། གཟུགས་ཅན་མ་ཡིན་པ་ཡང་ཡིན་པ་དང་། གཟུགས་ཅན་ཡང་མ་ཡིན་ལ། གཟུགས་ཅན་མ་ཡིན་པ་ཡིན་ཡང་ཡིན
259b7 ཞིང་འདུ་ཤེས་ཅན་ཡང་མ་ཡིན་པ་དང་། དེ་ཕན་ཆད་བདག་ནི་མཐའ་དང་ལྡན་ཞིང་འདུ་ཤེས་ཅན་ཡིན་པ་དང་། དེ་ཕན་ཆད་བདག་ནི་མཐའ་དང་མི་ལྡན་པ་དང་། མཐའ་དང་ལྡན་པའང་ཡིན་ལ།




iiif viewer powered by OpenSeadragon

259a - 260a

Texts on this page

S62 - tshangs pa'i dra ba'i mdo