| | e-texts navigator
|
258b1 ཅནམ་ཡིན་ནོ། ། ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་བརྗོདན་པ་ནི། འདི་སྟེ། ཀ་ན་དྲུག་པོ་དག་པར།། དགེ་སློང་དག་པགེ་སྦྱོང་དང་བྲམ་ཟེ་གཅིག་པདི་ལྟར་ལ་ཞིང་བནི་སྦྱི་དུས།
258b2 བ་དག་ཡོད་དེ། དེ་ཕན་ཆད་བདག་གཟུགས་དང་ལྡན་པའི་འདུ་ཤེས་དང་། དེ་ཕན་ཆད་བདག་གཟུགས་དང་ལྡན་པ་མ་ཡིན་པ་དང་གཟུགས་དང་ལྡན་པ་ཡང་ཡིན་ལ། གཟུགས་དང་མི་ལྡན་པ
258b3 ཡང་ཡིན་ལ། གཟུགས་དང་ལྡན་པ་ཡང་མ་ཡིན་ལ། གཟུགས་དང་མི་ལྡན་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང་། དེ་ཕན་ཆད་བདག་མཐའ་དང་ལྡན་པའི་འདུ་ཤེས་ཅན་དང་། མཐའ་དང་མི
258b4 ལྡན་པ་དང་། དེ་ཕན་ཆད་བདག་མཐའ་དང་ལྡན་པ་ཡང་ཡིན་ལ། མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། མཐའ་དང་ལྡན་པ་ཡང་མ་ཡིན་ལ། མཐའ་དང་མི་ལྡན་པ་ཡང་མ་ཡིན་པའི་འདུ་ཤེས་ཅན
258b5 དང་། དེ་ཕན་ཆད་བདག་ཅིག་པའི་འདུ་ཤེས་ཅན་དང་། ཐ་དད་པའི་འདུ་ཤེས་དང་། ཆུང་ངུའི་འདུ་ཤེས་ཅན་དང་། ཚད་མེད་པའི་འདུ་ཤེས་ཅན་དང་། གཅིག་ཏུ་སྡུག་བསྔལ་བ་ཅན་དང་། གཅིག་ཏུ་བདེ
258b6 བཅན་དང་། བདེ་བ་དང་སྡུག་བསྔལ་བ་ཅན་དང་། བདེ་བ་དང་སྡུག་བསྔལ་བ་ཅན་མ་ཡིན་པའི་འདུ་ཤེས་ཅན་འདི་དག་ནི་དགེ་སློང་དག་གཞི་བཅུ་དྲུག་པོ་ལ་སྟེ། ཅི་ལ་རྟེན་ཅིང་ཞེས་བྱ་བ་ནས་མངོན
258b7 བར་སྨྲ་ཞིང་མངོན་པར་བརྗོད་པ་ཞེས་བྱ་བའི་བར་དུའོ། ། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གི་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་དེ་ཕན་ཆད་བདག་གིས་འདུ་ཤེས་ཅན་ནོ་ཞེས་ལ
iiif viewer powered by OpenSeadragon
258a - 259a