e-texts navigator
Collection
Volume
Page
Wylie

258a1 རླུང་བསྐུར་བ་དེ་ཐམས་ཅད་ནི་གཞི་བཞི་པོ་འདི་དག་ལ་སྟེ། དེ་ལས་མ་ལྷག་མི་མང་ལ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། དེ་ལས
258a2 ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། ། དེ་ལྟར་ན། ལྟ་བར་སོང་བ་ནི་འདི་ལྟར་འཛིན་པ་དང་། འདི་ལྟར་མཆོག་ཏུ་འཛིན་པ་དག་ནི་སྔ་མ་བཞིན་ནོ།། དགེ་སློང་དག། དགེ་སྦྱོང
258a3 དང་། བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་སྔོན་གྱི་མཐའ་དང་ལྡན་པ་ལྟ་བར་སོང་བ་དག་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་དེ་ཐམས་ཅད་ནི་ལྟ་བར་སོང་བ་བཅོ་བརྒྱད་པ་འདི་དག་སྟེ།
258a4 དེལས་མི་ལྷག་མི་མང་ཞེས་བྱ་བ་ནས་ལྷག་པར་མཁྱེན་ཏོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་དག་ནི་སྔ་མ་བཞིན
258a5 ནོ། ། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་དག་གང་ཞེ་ན་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ།། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གི་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ
258a6 ཤེས་ཅན་དུ་སྨྲ་བ་དག་ཡོད་དེ། དེ་ཕན་ཆད་བདག་ནི་འདུ་ཤེས་ཅན་མ་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ན་འདི་ལྟ་སྟེ། གཞི་བཅུ་དྲུག་པོ་དག།
258a7 ལའོ།། དགེ་སློང་དང་བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས། ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་རྟོག་ཅིང་འདུ་ཤེས་ཅན་དུ་སྨྲ་བ་དག། དེ་ཕན་ཆད་བདག་ནི་འདུ་ཤེས




iiif viewer powered by OpenSeadragon

257b - 258b

Texts on this page

S62 - tshangs pa'i dra ba'i mdo