e-texts navigator
Collection
Volume
Page
Wylie

256b1 སྙམ་མོ། ། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གང་དག་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཤིང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ཡང་དག་པ་རྗེ།
256b2 ལྟ་བ་བཞིན་རབ་ཏུ་མི་ཤེས་པ་དག་ཡོད་དེ། དེ་དག་བདག་ལ་མི་དགེ་བའི་དྲི་བ་དྲི་བར་འགྱུར་བ་དང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དག་གིས་དྲི
256b3 བ་དྲིས་པར་གྱུར་ན། བདག་གིས་མི་སྤོང་བ་དྲི་བ་དྲིས་པར་ལུང་བསྟན་པ་དང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དག་གི་དྲི་བ་དྲིས་པ
256b4 རྣམས་ལུང་བསྟན་དུ་ནི་བདག་གི་བརྫུན་དུ་འགྱུར་པས། དེ་ལྟར་ན་དགེ་སྦྱོང་དང་བྲམ་ཟེ། དེ་བརྫུན་དུ་སྨྲ་བས་འཇིགས་པ་རབ་བརྫུན་དུ་སྨྲ་བས་འཇིགས་སྐྲག་པ་དང་། བརྫུན་དུ་སྨྲ་བ་ཡོངས་སུ
256b5 སྨྲས་པས་གཞི་དེ་དང་། གླིང་དེ་དང་། མགོན་དེ་དང་། སྐྱབས་དེ་དང་། གཞོལ་བ་དེ་ལ་གནས་སོ།། ལྷ་མི་སྤོང་བ་དེ་དྲི་བ་དྲིས་པ་དང་། ཚོགས་རླུང་སྐུར་བར་བྱེད་དེ། ཅི་ལ་བརྟེན་ཅིང་ཅི་ལ་གནས་ནས
256b6 ཅིལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་ལྷ་མི་སྤོང་ལ། ལྷ་མི་སྤོང་བ་དྲི་བ་དྲིས་པ་དང་། ཚིག་རླུང་བསྐུར་བ་འདི་ནི་གཞི་དང་པོའོ།། གཞི་གཉིས་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན།
256b7 ཅི་ལ་བརྟེན་ཅིང་། ཅི་ལ་གནས་ནས། ཅི་ལ་གནས་བཅས་ཏེ། ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ།། འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཞེས་བྱ།




iiif viewer powered by OpenSeadragon

256a - 257a

Texts on this page

S62 - tshangs pa'i dra ba'i mdo