e-texts navigator
Collection
Volume
Page
Wylie

256a1 ཐམས་ཅད་ནི་གཞི་བཞི་པོ་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན། དེ་ལས་ལྷག་པར་ཡང་དག་པར་ཇི་ལྟ་བ
256a2 བཞིན་དུ་མཁྱེན་ཏོ། ། དེ་ལྟར་ན་ལྟ་བར་སོང་བ་འདི་ལྟར་འཛིན་པ་དང་། འདི་ལྟར་མཆོག་ཏུ་འཛིན་པ་དང་། འདི་ལྟར་ལེན་པ་དང་། འདི་ལྟར་སྤྱོད་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དགེ་སློང་དག་གང་ཆོས
256a3 བཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། ། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་དག་གང་ཞེ་ན། ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ།། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ
256a4 ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་ལྷ་མི་སྤོད་དྲིས་པ་དང་། གཏམ་རླུང་བསྐུར་བ་དག་ཡོད་པ་ནི། འདི་ལྟ་སྟེ། གཞིག་ནི་པོ་དག་ལའོ།། དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་རྟེན་ཅིང་ཅི་ལ་གནས་ནས།
256a5 ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་། ལྷ་མི་སྤོང་ལ། ལྷ་མི་སྤོང་བ། དྲི་བ་དྲིས་པ་དང་། ཚིག་རླུང་བསྐུར་བ་ནི། འདི་ལྟ་སྟེ། གཞི་བཞི་པོ་དག་ལའོ།། འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག
256a6 མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་སོ།། དེ་འདི་སྙམ་དུ་སེམས
256a7 བདག་གིས་ནི་མི་དགེ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཤིང་། དགེ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ཡམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་སོ




iiif viewer powered by OpenSeadragon

255b - 256b

Texts on this page

S62 - tshangs pa'i dra ba'i mdo