e-texts navigator
Collection
Volume
Page
Wylie

254a1 སྐྱེ་བ་ནི་འདི་ལྟ་བུའོ།། ཚེ་ཕྱི་མ་ནི་འདི་ལྟ་བུ་ཡིན་ནོ་ཞེས། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན།། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ
254a2 རབ་ཏུ་མཁྱེན་ཏོ། ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། དེ་ལྟར་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ནས་ཀྱང་མཆོག་ཏུ་མི་འཛིན་ཏོ།། མཆོག་ཏུ་མི
254a3 འཛིན་པས་བདག་ཉིད་མྱ་ངན་ལས་འདས་པར་རིག་ནས། ཀུན་འབྱུང་ཚོར་བ་རྣམས་ནུབ་པར་ཐུགས་སུ་ཆུད་ནས་འདི་ནི་སྡུག་བསྔལ་ལོ།། འདི་ནི་སྡུག་བསྔལ་ངེས་པར་བྱིན་པའོ་ཞེས་བྱ་བར་མཁྱེན
254a4 ཏོ། ། དགེ་སློང་དག་གང་དག་ཆོས་གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་སྔ་མ་བཞིན་ནོ།། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ནས། དེ་དག་གང་ཞེ་ན། ཞེས་བྱ་བའི་བར་ཏུ
254a5 ནིསྔ་མ་བཞིན་ནོ། ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་། མཐའ་ཡོད་པ་དང་མཐའ་མེད་པ་སྟེ། བདག་དང་འཇིག་རྟེན་ནི་མཐའ་ཡོད་པའང་མ་ཡིན། མཐའ
254a6 མེད་པའང་མ་ཡིན་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་དག་ཡོད་པ་ནི། འདི་ལྟ་སྟེ། གཞི་བ་ཞི་པོ་དག་ལའོ།། དགེ་སློང་དང་བྲམ་ཟེ་ཤེས་ལྡན་དེ་དག་ཅིལ་རྟེན་ཅིང་ཅི་ལ་གནས་ན། ཅི་ལ
254a7 གནས་བཅས་ཏེ། སྔོན་གྱིསངལ་ལ་རྟོག་ཅིང་། མངའ་ཡོད་པ་དང་མཐའ་མེད་པ་སྟེ། བདག་དང་འཇིག་རྟེན་ནི་མཐའ་ཡོད་པའང་ཡིན། མཐའ་མིད་པའང་ཡིན་ཞེས་བྱ་བ་མངོན་པར་ལྔ་ཞིང་མངོན




iiif viewer powered by OpenSeadragon

253b - 254b

Texts on this page

S62 - tshangs pa'i dra ba'i mdo