e-texts navigator
Collection
Volume
Page
Wylie

252b1 གིས་མིག་ཚུགས་སུ་ལྟ་བ་དང་ལྡན་པས། བདག་ཅག་ནི་མི་རྟག་པའོ།། མི་བརྟན་པའོ།། ཡིད་བརྟན་དུ་མི་རུང་བའོ།། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་མོ།། དེ་ལྟར་ན་ཁ་ཅིག་ནི་རྟག
252b2 ལ་ཁ་ཅིག་ནི་མི་རྟག་པ་སྟག་པ་སྟེ། ཇི་ལ་རྟེན་ཅིང་ཇི་ལ་གནས་ནས། ཇི་ལ་གནས་བཅས་ཏེ། སྔོན་གྱི་མཐའ་ལ་རྟོག་ཅིང་། ཁ་ཅིག་ནི་རྟག་པ་པ་སྟེ། བདག་དང་། འཇིག་རྟེན་ཁ་ཅིག་རྟག
252b3 གོ་ཞེས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་འདི་ནི་གཞི་བ་ཞི་པའོ། ། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐའ་ལ་རྟོག་ཅིང་། བདག་དང་། འཇིག་རྟེན་ཁ་ཅིག་རྟག་གོ་ཞེས
252b4 མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་དེ་ཐམས་ཅད་ནི། གཞི་གཞི་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི་མང་ལ་དེ་ལྟར་ན། ལྟ་བར་སོང་བ་འདི་དག་འ་དི་ལྟར་འཛིན་པ་དེ་དག་དེ་བཞིན་གཤེགས
252b5 པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེས་བྱ་བ་དག་ནི་ལྔ་མ་བཞིན་ནོ། ། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི
252b6 མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་སྙན་པར་སྨྲ་ཞིང་བརྗོད་པར་བྱེད་དོ།། དགེ
252b7 སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཡོངས་སུ་དག་པ། ཡོངས་སུ་བྱང་བ་དེ་དག་ངས་རང་གིས་མངོན་པར་ཤེས་པས་མངོན་པར་རྫོགས་པའི་སངས་རྒྱས་ནས་ཕ་རོལ་པོས་ཀྱང




iiif viewer powered by OpenSeadragon

252a - 253a

Texts on this page

S62 - tshangs pa'i dra ba'i mdo