| | e-texts navigator
|
193b1 གྱི་བསྔགས་པ་ཕུན་སུམ་ཚོགས་པ་ལས་བརྩམས་ཏེ། བསྐལ་པ་མཐའ་ཡས་པར་བསྔགས་པ་བརྗོད་ཀྱང་། དེ་བཞིན་གཤེགས་པ་དེའི་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་བསྔགས་པ་ཕུན་སུམ
193b2 ཚོགས་པ་ཡང་མི་ཟད་ཅིང་ཐུག་པ་མ་མཆིས་ལ། དེ་བཞིན་གཤེགས་པ་དེ་དག་གིས་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཡང་ཐུག་པ་མ་མཆིས་ཏེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས
193b3 ཚུལ་ཁྲིམས་དཔག་ཏུ་མ་མཆིས་པ་དེ་དག་ལ་མོས་པའི་མཆོག་གིས་མོས་སོ། ། གཙོ་བོ་དང་། དམ་པ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། གྱ་ནོམ་པ་དང་། བླ་མ་དང་།
193b4 བླ་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། མཚུངས་པ་མ་མཆིས་པ་དང་། སྣང་བ་མ་མཆིས་པ་དང་། བདག་ཉིད་ཆེན་པོ་དང་། ཟིལ་གྱིས
193b5 མི་ནོན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་སྡུད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའི་མོས་པས་ལྷག་པར་མོས་སོ།། ཚུལ་ཁྲིམས་ལ་ཇི་ལྟ་བ་དེ་བཞིན
193b6 དུ་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། དེ་བཞིན་དུ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ
193b7 དང་། བཏང་སྙོམས་ཆེན་པོ་དང་། དེ་བཞིན་དུ་སྟོབས་དང་། མི་འཇིགས་པ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འབྱུང་བའི་བར་དག་ལ་ལྷག་པར་མོས་སོ།།
iiif viewer powered by OpenSeadragon
193a - 194a