| | e-texts navigator
|
351a1 རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། ། དེ་བཞིན་གཤེགས་པས་བདག་ཅག་དབུགས་ཕྱུང་སྟེ་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་དང་དེ་བཞིན་གཤེགས་པ།
351a2 དེ་དག་གི་མཚན་རྣམས་ཐོས་ཏེ། བཅོམ་ལྡན་འདས་ཆོས་སྨྲ་བ་དང་། འཆང་བ་དང་། འདྲི་བ་དང་། ཀློག་པ་དང་། མཆོད་པ་དང་། སྒྲོགས་པ།། དེ་དག་གི་ཡུལ་ལམ། གྲོང་ཁྱེར་རམ། གཙུག་ལག་ཁང་རྣམས
351a3 བདག་ཅག་གིས་ལུས་དང་། སྲོག་དང་ཡང་བསྔོས་ཏེ་བསྲུང་བར་གྱི། ཡོངས་སུ་བསྐྱབ་པར་བགྱི། དོན་ཐམས་ཅད་གྲུབ་པར་བགྱི། ནོར་དང་། འབྲུ་རྣམས་ལེགས་པར་གྲུབ་པར་བགྱི། ཐམས་ཅད་དུ་མཆོད
351a4 པར་འགྱུར་བར་བགྱི། ནད་ཐམས་ཅད་ལས་ཡོངས་སུ་ཐར་པར་བགྱི། དྲན་པ་དང་། སྤྲོ་བ་སྩལ་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ལེགས་སོ་ལེགས་སོ།། ལེགས་སོ་ཞེས་བྱ་བ་བྱིན
351a5 ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཅི་ནས་ཀྱང་དེ་བཞིན་གཤེགས་པའི་ངམ་ཚིག་གི་ཆོས་ཀྱི་རྣམ་གྲངས་འདི་མྱུར་དུ་ནུབ་པར་མི་འགྱུར་བ་དེ་ལྟར་ཁྱོད་ཀྱིས་བྱོས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད
351a6 ཅེས་བཀའ་སྩལ་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་། ཉན་ཐོས་ཆེན་པོ་རྣམས
351a7 དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར
iiif viewer powered by OpenSeadragon
350b - 351b