| | e-texts navigator
|
349a1 བའི་འདུ་ཤེས་ཅན་གྱིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་བྱེད་པར་མི་འགྱུར་ཏེ། བྱིས་པའི་བློ་ཅན་དེ་དག་དགེ་བའི་བཤེས་གཉེན་མི་ཚོལ་གྱིས། གང
349a2 ལྟ་བུའི་སེམས་ཅན་དེ་དག་ཆོས་སྟོན་པ་དེ་དག་ལ་བགོད་ཅིང་ཀྱལ་ཀ་བྱེད་པ་མང་བར་འགྱུར་གྱི། དད་པར་མི་བྱེད་ཡིད་ཆེས་པར་མི་བྱེད་དེ། དེ་ལྟ་བུའི་སེམས་ཅན་དེ་དག་ནི་སྡིག་པ་སྤྱོད་དེ། དེ་དག་གི་འཚོ་བའི་ཁམས
349a3 དེས་ལས་ཀྱི་རྐྱེན་ཇི་ལྟ་བ་བཞིན་དུ་མྱོང་བར་འགྱུར་བའི་བགོ་བའི་ལུས་བླངས་ནས། སྡུག་བསྔལ་ལ་དགའ་བའི་འདུ་ཤེས་སྐྱེད་དོ།། རིགས་ཀྱི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་བཀའ་སྩལ་པ།
349a4 འདི་ནི་ལས་ཀྱི་རྐྱེན་ཡིན་པར་བལྟ་སྟེ། འདི་ལ་སུ་ཡང་འཆི་བ་མེད། འཚོ་བ་མེད། བདེ་བ་དང་། སྡུག་བསྔལ་ཡང་མྱོང་བར་མི་འགྱུར་ཏེ། ལས་ཀྱི་སྒྱུ་ལས་ཀྱི་རྐྱེན་གྱིས་སྐྱེ་བ་དང་། འགག་པར
349a5 འགྱུར་རོ། ། སེམས་ཅན་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་དཀའ་བ་སྤྱད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཛད་ནས། བདོག་པ་ཐམས་ཅད་ཡོངས་སུ་བཏང་ནས། བླ་ན་མེད་པ
349a6 ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱང་མྱ་ངན་ལས་འདས་པ་ཆེན་པོ་ལ་བཀོད་དོ།། དེ་ནས་དེའི་ཚེ་ན་དེ་བཞིན་གཤེགས་པའི་བྱིན
349a7 རླབས་ཀྱིས་ས་ཆེན་པོ་གཡོས་པར་གྱུར་ཏོ། ། ཇི་ལྟར་ལྷགས་པའི་འཁོར་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏོ།། རྒྱལ་པོ་གསལ་རྒྱལ་དང་། གཞན་ཡང་མཐུ་ཆེན་པོ
iiif viewer powered by OpenSeadragon
348b - 349b