e-texts navigator
Collection
Volume
Page
Wylie

348a1 ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་གྱུར་གྱི་བར་དུ་སྐྱོ་བའི་སེམས་བསྐྱེད་པར་འགྱུར་རོ། ། རིགས་ཀྱི་བུ་འདི་ལྟར
348a2 དཔེར་ན། སྐྱེས་བུ་ལ་ལ་ཞིག་གོས། སར་པ་གྱོན་ཏེ། དེས་དེ་གྱོན་ནས་ལས་ཐམས་ཅད་བྱེད་ཅིང་བདེ་བ་དང་། སྡུག་བསྔལ་ཡང་མྱོང་བར་འགྱུར་རོ།། ཡང་དུས་གཞན་ཞིག་ན་གོས་དེ་རཱངས་ཤིང་མུགས
348a3 ཏེ་དྲི་མ་ཅན་མཐར་ཆད་པར་གྱུར་པ་དང་། དེས་དེ་དོར་བའི་ཆོས་ཅན་དུ་ཤེས་ན་ས་བོར་རོ།། བོར་ནས་ཀྱང་གོས་སར་པ་གསར་མ་གཞན་ཞིག་བཙལ་ཏེ་གྱོན་ཏོ།། དེ་གྱོན་ནས་ཡང་ལས་བྱེད་ཅིང་བདེ་བ་དང
348a4 སྡུག་བསྔལ་མྱོང་བར་གྱུར་ནས། དོན་དམ་པའི་གོས་སྲ་ཞིང་བརྟན་ལ་མི་ཤིགས་ཤིང་མི་ཆོད་པ་གྱོན་པར་མ་གྱུར་གྱི་བར་དུ། གཅིག་ནས་གཅིག་ཏུ་བརྒྱུད་པ་འདི་ལྟ་བུས་བསྐལ་པ་དུ་མ་འདས་ཀྱང་གོས་དེ
348a5 བགོས་སོ་ཞེའམ། བོར་རོ་ཞེས་མི་རྟོག་རྣམ་པར་མི་རྟོག་གི་དེ་ནི་ལུས་ཀྱི་དབང་དུ་འགྲོའོ།། རིགས་ཀྱི་བུ་དེ་བཞིན་དུ་གང་གི་ཚེ་འཚོ་བའི་ཁམས་དེས་ལུས་འཇིག་པ་དང་། འགྱེལ་བའི་མཐར་གྱུར་པར་མཐོང་བ
348a6 དེའི་ཚེ། ལུས་དེ་བོར་ནས་ཡང་སྐུར་པ་གཞོན་ནུར་གཞན་བཙལ་ཏེ། དེ་དེའི་ལས་བྱེད་ཅིང་དེ་བགོས་ནས་བདེ་བ་དང་། སྡུག་བསྔལ་མྱོང་བར་འབར་རོ།། ཇི་ལྟར་རང་གི་བསོད་ནམས་ལས་སྐྱེས་པའི་གོས་དེ
348a7 འཇམ་པ་དང་། སྲ་བ་དང་། རྩུབ་པའི་བགོ་བ་དེ་བཞིན་དུ་ཚོར་བའི་ཁམས་ཀྱིས་བགོ་བ་ལྟ་བུའི་ལུས་བླངས་ཏེ། ཇི་ལྟར་རང་གི་ལས་ཀྱི་རྐྱེན་གྱི་དགེ་བའི་རྩ་བ་ལས་སྐྱེས་པ་བཞིན་དུ། ལྷ་དང་། རྒྱལ་པོ་དང




iiif viewer powered by OpenSeadragon

347b - 348b

Texts on this page

S41 - 'phags pa sangs rgyas kyi stobs skyed pa'i cho 'phrul rnam par 'phrul ba bstan pa zhes bya ba theg pa chen po'i mdo