| | e-texts navigator
|
347b1 མཆོད་པར་འགྱུར། ། དེས་ནི་མྱུར་དུ་བྱང་ཆུབ་མཆོག་རྟོགས་འགྱུར།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟད་མོ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
347b2 བདག་ནི་འདི་ལ་ཐེ་ཙོམ་སྐྱེ་སྟེ། བཅོམ་ལྡན་འདས་ཅི་ལུས་འདིས་རྒྱལ་སྲིད་ཀྱི་ཁོངས་སྤྱོད་བསྒྲུབས་ནས། སླར་ཡང་སྡུག་བསྔལ་སྒྲུབ་པར་འགྱུར་རམ། འཁོར་བར་འཁོར་བའི་ཚེ་སྐྱོ་བར་མི་འགྱུར་རམ། སྐྱེ་བ་དང་།
347b3 རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་ཡོངས་སུ་མྱོང་བར་འགྱུར་ཞིང་ཇི་ལྟར་སྐྱེ། ཇི་ལྟར་འགུམ། ཇི་ལྟར་འཚོ།
347b4 ཇི་ལྟར་བདེ་བ་བསྒྲུབ་པར་འགྱུར། ཇི་ལྟར་སྡུག་བསྔལ་མྱོང་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟད་མོ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྟང
347b5 མོ་ཅན་འདི་ནི་ལས་ཀྱི་རྐྱེན་ཡིན་པར་བལྟ་བར་བྱའོ། ། རིགས་ཀྱི་བུ་ཡང་འདི་ལ་གང་ཡང་སྐྱེ་བ་མེད། འཆི་བ་མེད། འཚེ་བ་མེད་དེ། རིགས་ཀྱི་བུ་འདི་ལ་རྒ་བ་དང་། འཆི་བ་ནི་མེད་ཀྱི། འཚེ་བའི་ཁམས་ནི
347b6 རྟག་ཏུ་ལུས་ཀྱི་རྣམ་པར་ཤེས་པ་ལ་གནས་སོ། ། ཡང་ལས་ཀྱི་རྐྱེན་དང་། ལས་ཀྱི་གཞིས་སྐྱེ་བ་སྣ་ཚོགས་སུ་འོངས་ཤིང་འཕོས་ནས། བདེ་བ་དང་། སྡུག་བསྔལ་མྱོང་བར་འགྱུར་ཏོ།། བདེ་བ་ལ
347b7 བདེ་བར་འདུ་ཤེས། སྡུག་བསྔལ་ལ་སྡུག་བསྔལ་དུ་འདུ་ཤེས། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ལ། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་འདུ་ཤེས་སྐྱེད་མོད་ཀྱི
iiif viewer powered by OpenSeadragon
347a - 348a