e-texts navigator
Collection
Volume
Page
Wylie

347a1 ནི་སེམས་ཅན་བར་བར་མཛད། ། བསྟིར་མེད་ལས་ལ་གནས་ཤིང་སྦྱིན་བྱེད་དག། ལས་བྱས་ནས་ནི་ངན་འགྲོར་སོང་བའི་རྣམས།། དེ་དག་ཐར་བར་བྱ་ཕྱིར་ཆོས་འདོད
347a2 པས། ། དེ་བཞིན་གཤེགས་པ་འདི་དག་མཆོད་པར་གྱིས།། རི་མོ་མཆོད་རྟེན་རྣམ་པ་སྣ་ཚོགས་བྱོས།། གསེར་དང་དངུལ་དང་དེ་ལྟར་ལུགས་རྣམས་དང་།། འཇིམ་པའི་སྐུ་གཟུགས་དག་ནི་བྱེད
347a3 གཙུག་ནས། ། མཆོད་པ་སྣ་ཚོགས་ཀྱིས་ནི་མཆོད་པར་གྱིས།། མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དང་།། མར་མེ་སིལ་སྙན་དྲི་དང་སྤོས་ཀྱིས་མཆོད།། ཤེས་རབ་ཆེ་བས་བསྔོ་བ་དག་ཀྱང་གྱིས།
347a4 མདོ་སྡེ་བཤད་ཅིང་འདྲིར་ཡང་གཞུག་པར་གྱིས།། དེ་བཞིན་གཤེགས་དང་མདོ་སྡེའི་གཟི་བརྗིད་ཀྱིས།། སྡིག་པའི་ལས་ལས་སེམས་ཅན་དེ་ཐར་གྱིས།། བླ་མེད་བྱང་ཆུབ་རེག
347a5 པར་འགྱུར་རབ་ཏུ། ། དག་པའི་གནས་སུ་སྐྱེ་བ་འཛིན་པར་འགྱུར།། སྔོན་གྱི་ལས་རྣམས་རྗེས་སུ་དྲན་འགྱུར་ཞིང་།། དྲན་ནས་མཁས་པ་སྡིག་པ་བྱེད་མི་འགྱུར།། མི་ཡི་བྱང་ཆུབ་སེམས་དཔའ་མདོ་སྡེ་འདི།།
347a6 བཤད་པས་དེས་ནི་བསོད་ནམས་མང་དུ་ཐོབ།། དེ་ནི་ལྷ་རྣམས་ཀུན་གྱིས་བསྲུང་བར་འགྱུར།། དེའི་ལུས་འདི་ལ་ནི་ནད་མི་འབྱུང་།། དེ་ཡི་རྒྱལ་སྲིད་ལ་ནི་གནོད་མི་འབྱུང་།། ཁྱིམ་དང་གྲོང་དང་གྲོང་ཁྱེར་ཞི་བར་འགྱུར།།
347a7 གང་ཞིང་མདོ་སྡེ་འདི་ནི་རྟག་འཛིན་པ།། སངས་རྒྱས་རྣམས་ཀྱི་མཛོད་ནི་རྟག་འཛིན་འགྱུར།། གང་ཞིག་མཆོད་ཅིང་རྗེད་དང་འཇུག་པ་དང་།། ལས་གཞན་མེད་པར་ཉན་དུ་འཇུག་པ་ནི།། དེས་ནི་སངས་རྒྱས་ཡང་དག




iiif viewer powered by OpenSeadragon

346b - 347b

Texts on this page

S41 - 'phags pa sangs rgyas kyi stobs skyed pa'i cho 'phrul rnam par 'phrul ba bstan pa zhes bya ba theg pa chen po'i mdo