e-texts navigator
Collection
Volume
Page
Wylie

151a1 དེ་བཞིན་གཤེགས་པའི་མཚན་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བ་དག་གི་དྲུང་ནས་འདིར་ལྷགས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ན་ཡང་སངས་རྒྱས་ཀྱི་མཐུས་འཁོར་རྣམ་པ་འདི་འདྲ
151a2 བདག་ལ་ཚིག་འདི་དག་ཉིད་དང་། ཡི་གེ་འདི་དག་ཉིད་དང་། ཁོང་དུ་ཆུད་པར་བྱེད་པ་འདི་དག་ཉིད་དང་། དོན་འདི་དག་བརྗོད་པ་དག་གིས་ཆོས་བསྟན་པ་འདི་ཉིད་ལྷག་ཆད་མེད་པར་བྱུང་བར་གྱུར་ཏོ།། ཀྱེ་རྒྱལ
151a3 བའི་སྲས་བདག་ཅག་ཀྱང་དབང་དུ་གྱུར་པ་ཤ་སྟག་སངས་རྒྱས་ཀྱི་མཐུས་འཁོར་འདིར་ཕྱིན་ཏེ། ཀྱེ་རྒྱལ་བའི་སྲས་འཇིག་རྟེན་གྱི་ཁམས་འདིར་བདག་ཅག་ཇི་ལྟར་ཕྱིན་པ་བཞིན་དུ། ཕྱོགས་བཅུའི
151a4 འ་ཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གླིང་བཞི་པ་འཇིག་རྟེན་གྱི་ཁམས་རེ་རེའི་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་ལྷའི་རྒྱལ་པོ་དབང་སྒྱུར་གྱི་གཞལ་མེད་ཁང་གི་ནོར་བུ་རིན་པོ་ཆེའི་སྙིང་པོའི
151a5 ཁང་པར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཕྱིན་པར་གྱུར་ཏོ་ཞེས་ཟེར་རོ། ། དེ་བཞིན་གཤེགས་པས་གནང་སྟེ། བྱང་ཆུབ་སེམས
151a6 དཔའ་སེམས་དཔའ་ཆེན་པོ། ། རྡོ་རྗེའི་སྙིང་པོས་དེ་སྐད་ཅེས་སྨྲས་ནས།། ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་དེ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་།
151a7 བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། དབང་ཕྱུག་ཆེན་པོ་དང་། གནས་གཙང་མ་པའི་འཁོར་དེ་དང་། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོ




iiif viewer powered by OpenSeadragon

150b - 151b

Texts on this page

S38 - 'phags pa sa bcu pa zhes bya ba theg pa chen po'i mdo