| | e-texts navigator
|
150b1 ཆོས་ཉིད་ཐོབ་པས་ལྷའི་མེ་ཏོག་གི་འཕྲེང་བའི་སྤྲིན་གྱི་ཆར་མངོན་པར་བབ་བོ།། ལྷའི་གོས་ཀྱི་སྤྲིན་དང་། ལྷའི་རིན་པོ་ཆེའི་སྤྲིན་དང་། ལྷའི་རྒྱན་གྱི་སྤྲིན་དང་། ལྷའི་གདུགས
150b2 ཀྱི་སྤྲིན་དང་། ལྷའི་རྒྱལ་མཚན་གྱི་སྤྲིན་དང་། ལྷའི་བ་དན་གྱི་ཆར་མངོན་པར་བབ་བོ།། ལྷའི་རོལ་མོའི་སྤྲིན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་ཀྱི་སྤྲིན་གྱི་ཆར་མངོན
150b3 པར་བབ་བོ། ། ལྷའི་ལས་ཤིན་ཏུ་འདས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་ལ་མངོན་པར་སྟོད་པའི་གླུ་དབྱངས་ཀྱི་སྤྲིན་གྱི་སྒྲ་གྲག་གོ།། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཞན་འཕྲུལ
150b4 དབང་བྱེད་ཀྱི་གནས་སུ་ལྷའི་དབང་པོ་དབང་སྒྱུར་གྱི་གཞལ་མེད་ཁང་གི་ནོར་བུ་རིན་པོ་ཆེའི་སྙིང་པོའི་ཁང་པ་ན་ཇི་ལྟ་བ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ཆོས་བསྟན
150b5 པ་འདི་ཕྱོགས་བཅུ་མཐའ་ཡས་པར་བྱུང་བར་གྱུར་ཏོ། ། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ
150b6 སྙེད་ཀྱི་ཕྱོགས་བཅུ་རྒྱས་པར་འགེངས་ཤིང་ལྷགས་ཏེ། ལྷགས་ནས་ཀྱང་འདི་སྐད་ཅེས་ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཆོས་ཉིད་བརྗོད་པ་འདི་ལེགས་སོ།
150b7 ལེགས་སོ།། ཀྱེ་རྒྱལ་བའི་སྲས་བདག་ཅག་ཀྱང་རྡོ་རྗེའི་སྙིང་པོ་ཞེས་བྱ་བར་མཚན་མཐུན་པ་ཤ་སྟག་སྟེ། འཇིག་རྟེན་གྱི་ཁམས་རྡོ་རྗེའི་དཔལ་ཞེས་བྱ་བ་དག་ནས།
iiif viewer powered by OpenSeadragon
150a - 151a