| | e-texts navigator
|
265b1 བ་དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་མཚུངས་པ་མེད་པར་འགྱུར་རོ།། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མ་ལུས་པ་གཟུང་བར་འགྱུར་རོ།། གསང
265b2 སྔགས་དང་རིག་སྔགས་ཐམས་ཅད་ཀྱང་གཟུང་བར་འགྱུར་རོ། ། འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་ཆེན་པོར་འགྱུར་རོ།། འཕགས་པ
265b3 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ། ། རྒྱ་གར་སྐད་དུ། ཨཱརྱ་བཱ་ག་བ་ཏི་པྲཛྙཱ་ཨརྡྷ་ཤ་ཏི་ཀ།
265b4 བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད
265b5 བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་ནོ་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བརྒྱ་བྱིན་དང་།
265b6 ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ
265b7 ལྟོ་འཕྱེ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་དང་ཡང་ཐབས་ཅིག་གོ།། དེ་ནས་བཅོམ་ལྡན
iiif viewer powered by OpenSeadragon
265a - 266a