e-texts navigator
Collection
Volume
Page
Wylie

215b1 ཅན་སྡུག་བསྔལ་ངན་སོང་གསུམ་ལས་ཡོངས་འདོན་ཀྱང་། ། དེ་དག་ནམས་ཀྱང་སེམས་ཅན་འདུ་ཤེས་འགྱུར་བ་མེད།། དཔེར་ན་སེང་གེ་རི་སུལ་བརྟེན་ནས་འཇིགས་མེད་པར།། རི་དགས་པ
215b2 མོ་མང་སྐྲག་བྱེད་ཅིང་སྒྲ་སྒྲོག་ལྟར། ། མི་ཡི་སེང་གེ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས།། མུ་སྟེགས་ཅན་མང་སྐྲག་བྱེད་འཇིག་རྟེན་སྒྲ་ཡང་སྒྲོག། དཔེར་ན་ནམ་མཁར་གནས་པ་ཉི་མའི་འོད
215b3 ཟེར་ནི། ། ས་འདི་སྐེམས་པར་བྱེད་ཅིང་གཟུགས་ཀྱང་རབ་ཏུ་སྟོན།། དེ་བཞིན་ཆོས་རྒྱལ་ཤེས་རབ་ཕ་རོལ་ཕྱིན་བརྟེན་པ།། སྲེད་པའི་ཆུ་ཀླུང་སྐེམས་ཤིང་ཆོས་ཀྱང་རབ་ཏུ་སྟོན།། གཟུག
215b4 རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། ། འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་།། གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ།། འདི་ནི་ཆོས་མཐོང་ཡིན་ཞེས་དེ
215b5 བཞིན་གཤེགས་པས་བསྟན། ། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ།། ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས།། དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན
215b6 གཤེགས་པས་བསྟན། ། མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་རུས་མ་ཡིན།། གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང་།། རྒྱལ་པོ་བཏང་སྙོམས་འདུག་ཅིང་བློན་པོ་ཀུར་བྱེད
215b7 ལྟར། སངས་རྒྱས་མཛད་དང་ཉན་ཐོས་ཆོས་རྣམས་ཇི་སྙེད་པ།། དེ་དག་ཐམས་ཅད་ཤེས་རབ་ཕ་རོལ་ཕྱིན་པ་བྱེད།། རྒྱལ་པོ་གྲོང་དུ་མི་འགྲོ་ཡུལ་འཁོར་མི་འགྲོ་བར།། རང་གི་ཡུལ་ན།




iiif viewer powered by OpenSeadragon

215a - 216a

Texts on this page

S19 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa