| | e-texts navigator
|
213b1 པོ་ཁམས་ལ་རྡུལ་ཙམ་བརྩོན་པར་མི་བྱེད་ཅིང་།། ཕུང་པོར་མི་བརྩོན་དེ་ནི་བྱང་ཆུབ་སེམས་དཔའ་བརྩོན།། གང་ཞིག་ཆོས་འདི་སྦྲུལ་དང་རྒྱུ་མ་འདྲར་ཤེས་ནས།། སོམ་ཉི་མེད་ཅིང་སློབ
213b2 ལ་ཕྱིར་ཞིང་སྦྱོར་བྱེད་པ། ། སེམས་ཅན་དེ་ནི་རིང་ནས་ཐེག་ཆེན་ཞུགས་རིག་བྱ།། སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་ལ་ལྷག་བྱས་ཡིན།། དགོན་པའི་ལམ་ནི་དཔག་ཚད་མང་བར་ཞུགས་པའི
213b3 མིས། ། གནག་རྫི་མཚམས་ཀྱི་ནགས་ཚལ་ཕུན་སུམ་ཚོགས་མཐོང་ན།། དེ་དག་གྲོང་དང་གྲོང་ཁྱེར་ཉེ་བའི་རྟགས་སྙམ་སྟེ།། དབུགས་ཕྱིན་རྙེད་པར་གྱུར་ཅིང་ཆོམ་རྐུན་འཇིགས་པ་མེད།།
213b4 དེ་བཞིན་བྱང་ཆུབ་ཡོངས་སུ་ཚོལ་ཚེ་རྒྱལ་རྣམས་ཀྱི།། ཤེས་རབ་ཕ་རོལ་བྱིན་འདི་མཉན་པ་གང་ཐོབ་པ།། དེ་ནི་དབུགས་བྱིན་ཐོབ་པར་གྱུར་ཅིང་འཇིགས་མེད་དེ།། དགྲ་བཅོམ་ས་ལ་མ་ཡིན
213b5 རྐྱེན་རྟོགས་ས་ལ་མིན། ། མི་ཞིག་རྒྱ་མཚོའི་ཆུ་ནི་བསྡུ་ཕྱིར་འགྲོ་བ་ཡིས།། གལ་ཏེ་ཤིང་དང་ནགས་ཚལ་རི་མཐོང་ད་རུང་རིང་།། ཅི་སྟེ་རྟགས་མ་མཐོང་ན་རྒྱ་མཚོ་ཆེན་པོ་ནི།། ཉེ་བར
213b6 གྱུར་ཏོ་སྙམ་ན་དེ་ལ་སོམ་ཉི་མེད། ། དེ་ལྟར་བྱང་ཆུབ་དམ་པར་རབ་ཞུགས་རྒྱལ་བ་ཡི།། ཤེས་རབ་ཕ་རོལ་ཕྱིན་པ་འདི་ཉན་རིག་པར་བྱ།། རྣམ་པར་འདྲེན་པས་མངོན་སུམ་ལུང་བསྟན་མ
213b7 གྱུར་ཀྱང་། སངས་རྒྱས་བྱང་ཆུབ་རིང་པོར་མི་ཐོགས་བདག་རེག་འགྱུར།། དཔྱིད་དུས་བཟང་ལ་སྡོང་པོ་ལོ་མ་ལྤགས་གྱུར་ན།། ཡལ་གས་རིང་པོ་མི་ཐོགས་ལོ་འབྲས་མེ་ཏོག་ཀུན།། ཤེས
iiif viewer powered by OpenSeadragon
213a - 214a