e-texts navigator
Collection
Volume
Page
Wylie

212b1 མ་བྱས་དང་དཀར་གནག་ཆོས། ། ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ།། འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ།། ནམ་མཁའ་གང་ལའང་ཅུང་ཟད་མི
212b2 གནས་དེ་དང་འདྲ། ། གལ་ཏེ་བདག་ནི་རྒྱལ་བའི་ཤེས་རབ་སྤྱོད་བྱ་ཞིང་།། སེམས་ཅན་སྡུག་བསྔལ་རེག་པ་ཁྲག་ཁྲིག་མང་དགྲོལ་སེམས།། སེམས་ཅན་འདུ་ཤེས་ཡོངས་རྟོགས་བྱང་ཆུབ
212b3 སེམས་དཔའ་སྟེ། ། དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན།། བྱང་ཆུབ་སེམས་དཔའ་གང་ཞིག་སྔོན་ཆད་སྤྱོད་པའི་ཚེ།། ཕ་རོལ་ཕྱིན་འདིར་སྤྱོད་པ་མཁས་པ་སོམ་ཉི་མེད།།
212b4 ཐོས་མ་ཐག་ཏུ་དེ་ནི་སྟོན་པའི་འདུ་ཤེས་སྐྱེད།། དེ་ནས་བྱང་ཆུབ་ཞི་བ་མྱུར་དུ་རྟོགས་པར་འགྱུར།། སྔོན་སྤྱད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང་།། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན
212b5 ལ་མ་དད་ན། ། ཐོས་ནས་ཟོ་ཆུང་དེ་ཡིས་འདི་ནི་སྤྱོང་བྱེད་དེ།། སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ།། དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག། རེག་པར་འདོད
212b6 ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས། ། དཔེར་ན་ཚོང་བ་རིན་ཆེན་གླིང་དུ་སོང་ནས་ནི། ཟོང་ཟད་སླར་ལོག་ལྟ་བུར་གྱུར་ན་མི་རུང་ངོ་།། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ།
212b7 འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་གསུངས།། ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ།། ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་གཅད་དུ་མེད།།




iiif viewer powered by OpenSeadragon

212a - 213a

Texts on this page

S19 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa