e-texts navigator
Collection
Volume
Page
Wylie

212a1 མ་ཡིན། ། གལ་ཏེ་འདི་ལྟར་ཆོས་འདི་འཕགས་ཤིང་ཟང་བ་དང་། གང་དུ་ཡོངས་སུ་བསྔོ་བ་དེ་ཡོང་ཟད་པ་དང་།། ཆོས་ཀྱིས་ཆོས་ལ་ནམ་ཡང་མི་སྔོ་ཤེས་གྱུར་མ
212a2 དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། ། གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན།། ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན།། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང
212a3 ཟ་བ། ། དཀར་པོའོ་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས།། དེ་ལྟས་འདི་ལྟར་ཡོངས་སུ་བསྔོ་བ་བསླབ་བྱ་སྟེ།། ཇི་ལྟར་རྒྱལ་བ་དེ་དག་དགེ་བ་དེ་མཁྱེན་པ།། རྣམ་པ
212a4 གང་ཡིན་འབྱུང་གང་ཡིན་ཉིད་གང་ཡིན་ལ། ། རྗེས་སུ་ཡི་རང་དེ་ལྟ་དེ་ལྟར་ཡོངས་སུ་བསྔོ།། དེ་ལྟར་བསོད་ནམས་བྱང་ཆུབ་ཡོངས་སུ་སྔོ་བྱེད་ན།། དུག་མེད་སངས་རྒྱས་མི་སྤོངས་རྒྱལ་བས་གསུངས
212a5 པ་སྨྲ། ། དེ་ལྟར་ཡོངས་སྔོ་དཔའ་བོ་འཇིག་རྟེན་དམིགས་ཅན་གྱི།། བྱང་ཆུབ་སེམས་དཔའ་ཇི་སྙེད་ཐམས་ཅད་ཟིལ་གྱིས་ནོན།། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས།
212a6 ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར།། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི།། དམིགས་བུ་མེད་པས་བྱང་ཆུབ་རེག་པར་རུས་མ་ཡིན།། གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ
212a7 ཟི་གྱུར་པ། དེ་ཚེ་མིག་རྙེད་གྱུར་ཅིང་འདི་མི་མིང་ཐོབ་བོ།། དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་མིག་མེད་པ།། ཇི་སྲིད་མིག་མ་བྲིས་པར་རྔན་པ་མི་ཐོབ་བཞིན།། གང་ཚེ་འདྲས་བྱས་འདུས




iiif viewer powered by OpenSeadragon

211b - 212b

Texts on this page

S19 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa