| | e-texts navigator
|
210b1 དེ་ལྟས་གང་ཞིག་རྒྱལ་བའི་ཡོན་ཏན་འཛིན་འཚལ་དེས།། ཤེས་རབ་ཕ་རོལ་ཕྱིན་བླང་འདི་ནི་ཐར་པ་ལགས།། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ།། ཚུལ་ཁྲིམས་བཟོད་པ
210b2 བརྩོན་འགྲུས་བསམ་གཏན་རེ་བཞིན་ནོ། ། དགེ་ཆོས་ཆུང་མི་གཟན་ཕྱིར་ཡོངས་སུ་འཛིན་པ་ཡིན།། འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད།། དཔེར་ན་འཛམ་བུ་གླིང
210b3 ན་ཤིང་རྣམས་བྱེ་བ་སྡོང་། རྣམ་པ་སྣ་ཚོགས་རྣམ་པ་དུ་མ་གཟུགས་མང་བ།། གྲིབ་མར་གྱུར་པའི་གྲངས་སུ་བརྗོད་པ་མ་གཏོགས་པར། གྲིབ་མ་སྣ་ཚོགས་མེད་ཅིང་བྱེ་བྲག་ཡོད་མ་ཡིན།།
210b4 དེ་བཞིན་རྒྱལ་བའི་ཕ་རོལ་ཕྱིན་ལྔ་འདི་དག་ཀྱང་།། ཤེས་རབ་ཕ་རོལ་བྱིན་པའི་མིང་ཉིད་ཐོབ་པར་འགྱུར། ཐམས་ཅད་མཁྱེན་པ་ཉིད་ཕྱིར་ཡོངས་སུ་བསྔོས་བྱས་ན།། བྱང་ཆུབ་ཅེས་བྱར
210b5 དྲུག་པོ་འདི་ཀུན་རོ་གཅིག་འགྱུར། ། བྱང་ཆུབ་སེམས་དཔའ་བ་ལ་ཏེ་རབ་ཏུ་མི་ཤེས་བཞིན།། གཟུགས་དང་འདུ་ཤེས་ཚོར་དང་སེམས་པ་རྣམ་པར་ཤེས།། མི་རྟག་ཡོངས་སུ་སྟོན་པ
210b6 བཅོས་ལ་སྟོང་པ་སྟེ། ། མཁས་པ་ནམ་ཡང་ཆོས་རྣམས་འཇིག་པར་མི་བྱེད་དོ།། གང་ལ་གཟུགས་མིར་ཚོར་མིན་འདུ་ཤེས་མི་དམིགས་ཤིང་། རྣམ་པར་ཤེས་པ་མ་ཡིན་སེམས་པ་མི
210b7 ཙམ་པར་གྱི་མེང་གྲང་པའི་ཚུལ་མ་གས་པ་འཚིགས་རབ་པར་མ་ཕྱིན་མཆོས་མྱོང་བ་། ལམས་པནའི་ཟུང་ས་ཀྱི་མིང་ང་མས། སེམས
iiif viewer powered by OpenSeadragon
210a - 211a