e-texts navigator
Collection
Volume
Page
Wylie

210a1 ནས་མཁས་པ་བྱང་ཆུབ་རག། འདུས་བྱས་བདེ་གང་འདུས་མ་བྱས་བདེ་གང་ཡིན་པ།། བདེ་བ་དེ་ཀུན་འདི་ལ་བྱུང་བར་རིག་པར་བྱ།། ས་བོན་བཏབ་ནས་ས་ལ་གནས།
210a2 ། འབྱུང་འགྱུར་བ།། ཚོགས་པ་རྙེད་ནས་རྣམ་མང་གཟུགས་དག་རྣམ་པར་བསྐྱེད།། ཕ་རོལ་ཕྱིན་ལྔ་བྱང་ཆུ་ཡོན་ཏན་ཇི་སྙེད་པ།། དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེས།། འཁོར
210a3 ལོས་སྒྱུར་རྒྱལ་ལམ་གང་ནས་ནི་རྟག་འགྲོ་བ། ། ལམ་དེ་ཉིད་ནས་རིན་ཆེན་བདུན་དང་དཔུང་ཚོགས་ཀུན།། གང་ནས་རྒྱལ་བའི་ཤེས་རབ་ཕ་རོལ་བྱིན་འདི་འགྲོ།། དེ་ཉིད་ནས་ནི་ཡོན་ཏན་ཆོས་ཀུན
210a4 འགྲོ་བར་འགྱུར། ། རྒྱལ་བས་བརྒྱ་བྱིན་དྲི་བ་ཡོངས་དྲིས་ལན་གསོལ་པ། གལ་ཏེ་གངྒཱའི་བྱེ་སྙེང་སངས་རྒྱས་ཞིང་གྱུར་ལ།། དེ་ཀུན་རྒྱལ་བའི་རིང་བསྲེལ་བྱུར་བུར་གཏམས་གྱུར་ཀྱང
210a5 བདག་ནི་ཤེས་རབ་ཕ་རོལ་ཕྱིན་པ་འདི་ཉིད་ལེན་ཅི་སླད་ཅེ་ན་སྐུ་གདུང་མི་གུས་བདག་མ་ལགས། འོན་ཀྱང་ཤེས་རབ་ཡོངས་སུ་བསྒོམས་པས་མཆོད་བགྱིད་དེ།། དཔེར་ན་རྒྱལ་པོ་རྟེན་མི་རིམ་འགྲོ་འཐོབ
210a6 བསྔར། སངས་རྒྱས་རིང་བསྲེལ་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་རིན་ཏང་མེད།། གབ་ཚེ་གང་དུ་སྩལ་བ་དེ་ནི་ཕྱག་བགྱི་འོས།། དེ་བྱུང་གྱུར་ཀྱང
210a7 གབ་ཚེ་ལ་རི་དགའ་བགྱིད་དེ། ། ཡོན་ཏན་དེ་དག་ནོར་བུ་རིན་ཆེན་དེ་ཡི་ལགས།། དེ་བཞིན་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས། རྒྱལ་བ་མྱ་ངན་འདས་ཀྱང་རིང་བསྲེལ་མཆོད་པ་བརྙེས།།




iiif viewer powered by OpenSeadragon

209b - 210b

Texts on this page

S19 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa