| | e-texts navigator
|
208b1 ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྟོད་པ་ཡིན།། རྟག་དང་མི་དག་པདེ་དང་སྡུག་བསྔལ་སྡུག་མི་ཐུག། བདག་དང་བདག་མེད་དེ་བཞིན་ཅིད་དང་དེ་བཞིན་སྟོང་།། འབྲས་བཐོ།
208b2 རང་དགྲ་བཅོམས་ལ་མི་གནས་ཤིང་།། རང་རྒྱལ་ས་དང་དེ་བཞིན་སངས་རྒྱས་སར་མི་གནས།། ཇི་ལྟར་འདྲེན་པ་འདུས་མ་བྱས་ཁམས་མི་གནས་ཤིང་།། དེ་བཞིན་འདུས་བྱས་ལ་ཡང་མི་གནས
208b3 གནས་མེད་སྤྱོད། ། དེ་ལྟར་བྱང་ཆུབ་སེམས་དཔའ་གནས་ལ་གནས་མེད་གནས།། གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས།། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ།
208b4 སྙམ་དང་།། རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ།། བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ།། དཔེར་ན་ཚུ་རོལ་ཕ་རོལ་འགྲོ་དོགས་མི་མཐོང་བཞིན།། ཆོས་འཆད་པ
208b5 དང་ཉན་དང་བཤང་བྱ་གང་ཡིན་པ། ། འབྲས་བུ་ཐོབ་དང་རྐྱེན་རྒྱལ་དེ་བཞིན་འཇིག་རྟེན་མགོན།། མཁས་པ་གསལ་བས་ཐོབ་པའི་མྱ་ངན་འདས་གང་ཡིན།། དེ་ཀུན་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས
208b6 པས་བསྟན། ། གང་ཟག་བཞི་པོ་འདི་དག་དེ་ལ་མི་སྐྲག་སྟེ།། རྒྱལ་སྲས་བདེན་ལ་མཁས་དང་ཕྱིར་མི་ལྡོག་པ་དང་།། དགྲ་བཅོམ་དྲི་མ་བསལ་ཅིང་སོམ་ཉི་སྤངས་པ་དང་།། བཞི་པ་དགེ་བའི
208b7 བཤེས་ཀྱིས་ཡོངས་སུ་ཟིན་པའོ། ། བྱང་ཆུབ་སེམས་དཔའ་མཁས་རིག་དེ་ལྟར་སྤྱོད་པ་ནི།། དགྲ་བཅོམས་ལ་མི་རྟོག་རྐྱེན་རྟོགས་ས་ལ་མིན།། ཐམས་ཅད་མཁྱེན་ཉིད་ཆེད་དུ་སངས་རྒྱས་ཆོད
iiif viewer powered by OpenSeadragon
208a - 209a