e-texts navigator
Collection
Volume
Page
Wylie

208a1 འཛིན་ཤེས་རབ་པརམ་ཕྱིན་བཙུག་སྤྱོང་པ་ན། བྱང་ཆུབ་སེམས་མཁས་རིག་པགང་གི་དུས་ཀྱི།། རྩེ་མེང་རྣམ་པར་བསམས་ཏེ་འདི་ལར་སྤྱོད་ཀྱང་ཅི།།
208a2 རྗེ་ཆེན་པོ་ཕྱུང་ཀྱང་སེམས་ཅན་འདུ་ཤེས་མེད།། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྦྱོང་བ་ཡིན།། གལ་ཏེ་སེམས་ཅན་འདུ་ཤེས་སྡུག་བསྔལ་འདུ་ཤེས་སྐྱེད།། འགྲོ་བ་རྣམས་ཀྱི་དོན་བྱ་རྫུག
208a3 བསྔལ་ཙང་སྙམ་སྟེ། ། བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་སྷོ།། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན།། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས
208a4 ཅད་ཤེས། ། སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས།། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ།། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན།། འཇིག་རྟེན་དག
208a5 ན་ཆོས་མིང་ཇི་སྙེད་ཡོངས་རྗོད་པ། ། ཀུན་ལ་སྐྱེ་བ་དང་ནི་ཡང་དག་འདས་སྤངས་ནས།། ཡེ་ཤེས་འཆི་མེད་དམ་པ་དེ་ལས་གཞལ་མེད་འཐོབ།། དེ་ཕྱིར་འདི་ནི་ཤེས་རབ་ཕ་རོལ་ཕྱིན་ཅེས་བྱ།།
208a6 བྱང་ཆུབ་སེམས་དཔའ་གང་ཞིག་ངོགས་མེད་དེ་ལྟར་སྤྱོད།། ཤེས་རབ་ལྡན་དེ་མཉམ་ཉིད་གནས་པར་ཤེས་པར་བྱ།། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ།། འདི་ནི་ཤེས་རབ
208a7 ཕ་རོལ་བྱིན་མཆོག་སྤྱོད་པ་ཡིན། ། གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་།། གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ།། རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས




iiif viewer powered by OpenSeadragon

207b - 208b

Texts on this page

S19 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa