| | e-texts navigator
|
207b1 ཏུགྱུར་པ་དང་། ། སེམས་ཅན་ཁམས་ཀྱི་ལྷ་རྣམས་ཆེན་པོ་གཅོད་པ་སྟེ།། དེ་ཕྱིར་སེམས་དཔའ་ཆེན་པོ་ཞེས་ནི་རབ་བརྗོད་དོ།། གཏོང་བ་ཆེ་དང་ཐོ་ཆེ་བ་དང་མཐུ་ཆེ་དང་།། རྒྱལ་བ་རྣམས
207b2 ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང་། གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ།། དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད།། དཔེར་ན་རྒྱུ་མ་མཁན་གྱིས་བཞི་མདོར་སྦྲུལ་བྷྱས
207b3 སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་པའི། ། གསང་བྱ་དེ་དག་ཅི་འདྲ་དེ་ལྟར་བྱང་ཆུབ་སེམས།། འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིག་པ་མེད།། གཟུགས་དང་འདུ་ཤེས་ཚོར
207b4 བ་དང་ནི་སེམས་པ་དང་། ། རྣམ་པར་ཤེས་པ་མ་བཅིངས་མ་ཆོལ་ཡོད་པ་མིན།། དེ་ལྟར་བྱང་ཆུབ་ལ་འཇུག་ཞུམ་པའི་སེམས་མེད་པ།། འདི་ནི་གང་བག་དམ་པ་རྣམས་ཀྱི་གོ་ཆ་མཆོག
207b5 ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། ། དེ་གང་བཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ།། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ།། དགའ་སྤྲིང་བདེ་བ་མངོན་པར་ཐོབ་བྱེད་ཐེག
207b6 པའི་མཆོག། གང་ཞིག་ཞོན་ན་ཕྱོགས་སུ་འགྲོ་བ་དམིགས་སུ་མེད།། མྱ་ངན་འདས་པར་འགྲོ་བར་གསུངས་པ་འགྲོ་མི་དམིགས།། དཔེར་ན་མི་ཤི་དེ་ཡི་འགྲོ་རྒྱུ་མེད་པ་བཞིན།། རྒྱུ་དེས་ན་ནི
207b7 མྱ་ངན་འདས་ཤེས་རབ་ཏུ་བརྗོད། ། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མཐའ་དང་།། ད་ལྟར་བྱུང་བ་མི་དམིགས་དུས་གསུམ་དག་པ་སྟེ།། གང་དག་དེ་ནི་འདུས་མ་བྱས་ཡིན་སྤོས་མེད་དེ།
iiif viewer powered by OpenSeadragon
207a - 208a