e-texts navigator
Collection
Volume
Page
Wylie

206a1 རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པ
206a2 ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ།། ཐིབ་པདོན
206a3 མོངས་བསལ་ནས་དྲི་མ་ལས་འདས་པ། འགྲོ་དོར་མངོན་ཞུགས་ངེས་པའི་ཤེས་རབ་ཕ་རོལ་བྱིན།། གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས།། འཛམ་བུའི་གླིང་འདིར་ཆུ་ཀླུང
206a4 ལྗིད་ཅི་བབབ་ཅིང་། ། མེ་ཏོན་འབྲས་ལན་ལྡན་དང་ནགས་ཚལ་སྐྱེང་བྱེད་པ།། མདྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ།། ད་ནི་ཀླུ་ལི་བདག་པོ་དེ་ཡི་མཐུ་དཔལ་ཡིན།
206a5 བའིཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་།། འཆང་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་།། མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ།། དེ་དག་ཀུན་ཀྱང་དེ་བཞིན་གཤེགས
206a6 པའི་སྐྱེས་བུའི་མཐུ། ། ཅིའི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ།། དེ་ལ་མི་མཆོག་སློབ་མར་གྱུར་པས་མངོན་བསླབས་ཤིང་།། མངོན་སུམ་བྱས་ནས་བསླབ་པ་ཇི་བཞིན་སྟོན་བྱེད་པ
206a7 སངས་རྒྱས་མཐུས་བྱེད་རང་གི་སྤོབས་ཀྱི་མཐུས་མ་ཡིན། ། བང་ལ་ཤེས་རབ་ཕ་རོལ་བྱིན་མཆོག་མི་དམིགས་ཤིང་། བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས




iiif viewer powered by OpenSeadragon

205b - 206b

Texts on this page

S19 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa