| | e-texts navigator
|
205b1 ཤེས་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ་པར་དག་པའི
205b2 བའི་དོན་དང་། དོན་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
205b3 རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་གྱིས་རྣམ་པར་དག་པ་ཞི་བའི་དོན་དང་། དོན་གསུམ་གྱིས་མྱ་ངན
205b4 ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནས་བརྟན་རབ་འབྱོར་དང་། དགེ་སློང་དང་། དགེ་སློང་མ
205b5 དང་དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས
205b6 པ་ལ་མངོན་པར་བསྟོད་ངོ་། ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་རྫོགས་སོ།། ། སྐད་གསར་བཅད་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ།།
205b7 རྒྱར་གང་སྐང་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་གཱ་ཐཱ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ། སངས
iiif viewer powered by OpenSeadragon
205a - 206a