| | e-texts navigator
|
197b1 རྣམ་པར་མི་རྟོག་པའི་མོས་པ་གྲུབ་པ། རིག་པ་ལའང་མོས་པར་བྱ་བའི་རྣམ་པར་ཤེས་པ་རྗེས་སུ་འཇུག་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔས་མོས་པའི་རྣམ་པར་ཤེས་པ་ལས། མོས་པར
197b2 བྱ་བའི་རྣམ་པར་ཤེས་པའི་མཚན་ཉིད་གུད་ན་མེད་པར་བལྟ་བར་བྱའོ། ། གཞན་དུ་ན་མོས་པར་བྱ་བའི་རྣམ་པར་ཤེས་པ་དེ་ཇི་ལྟ་བ་བཞིན་དུ། མཚན་མ་དང་བཅས་པའི་ལྟ་བའི་མོས་པའི་རྣམ་པར་ཤེས
197b3 པའང་ཡང་དག་པར་བྱུང་བ་ནི་མ་གཏོགས་སོ། ། དེ་བས་ན་དོན་གཞན་སྡང་ངོ་།། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔས་མོས་པར་བྱ་བའི་རྣམ་པར་ཤེས་པའི་འདུ་ཤེས་རྣམ་པར་འཇིག་སྟེ། དེ་འང
197b4 སྙམ་དུ་སེམས་སོ། ། མོས་པར་བྱ་བའི་རྣམ་པར་ཤེས་པ་ཡོད་ན། མོས་པའི་རྣམ་པར་ཤེས་པའང་རིག་པར་འགྱུར་གྱི། མེད་ན་ནི་མ་ཡིན་པར་རིག་ནས། མོས་པའི་རྣམ་པར་ཤེས་པ་ལ
197b5 མོས་པའི་རྣམ་པར་ཤེས་པའི་འདུ་ཤེས་ཀྱང་རྣམ་པར་འཇིག་གོ། ། རྣམ་པར་ཤེས་པ་གཉིས་ཀྱི་འདུ་ཤེས་རྣམ་པར་བཤིག་ནས། རྣམ་པར་ཤེས་པ་ཐམས་ཅད་མི་དམིགས་སོ།། རྣམ་པར་ཤེས
197b6 པ་ཐམས་ཅད་མི་དམིགས་པས། རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་སོ།། རྣམ་པར་ཤེས་པ་ལ་འཁྲུལ་པར་དམིགས་པས། རྣམ་པར་ཤེས་པ་ལ་འཁྲུལ་པའི་རྒྱུ་དམིགས་སོ།།
197b7 རྣམ་པར་ཤེས་པ་ལ་འཁྲུལ་པའི་རྒྱུ་དམིགས་པས་རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་བོ།། རྣམ་པར་ཤེས་པ་ལ་འཁྲུལ་པ་མེད་པའི་ཆོས་ཡང་དག་པར་སྒྲུབ་པས
iiif viewer powered by OpenSeadragon
197a - 198a