| | e-texts navigator
|
187a1 རྣམ་པར་ཤེས་པ་ལ་ཀཱ་ཇི་བཞིན་དུ་མངོན་པར་མ་ཞེན་ཏེ། ཐ་སྙད་དུ་ཀུན་ཏུ་མི་སྤྱོད་ན། འཇིག་ཚོགས་ལ་ལྟ་བར་ཀུན་ཏུ་སྦྱོང་བ་མ་ཡིན། ཡང་འབྱུང་བའི་སྲེད་པ་ལ
187a2 ཀུན་ཏུ་སྦྱོང་བ་མ་ཡིན། འཇིག་པ་ཡོངས་སུ་ཚོལ་བར་ཀུན་ཏུ་སྤྱོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཡོངས་སུ་ཤེས་པའི་རྟགས་ཡིན་ནོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་རྐྱེན་གང
187a3 དག་ཡོངས་སུ་བཟུང་ན། རྣམ་པར་བྱང་བར་འགྱུར་བའི་སེམས་ཀྱི་ས་བོན་ནི་གསུམ་པོ་འདི་དག་སྟེ། མོས་པ་སེམས་ཀྱི་ས་བོན་དང་། ཡིད་འབྱུང་བ་སེམས་ཀྱི་ས་བོན་དང་། ཆུད་མི་གཟོན་པ
187a4 སེམས་ཀྱི་ས་བོན་དང་། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མངོན་པར་ཞེན་པ་མེད་པའི་སེམས་དང་། འབྲལ་བ་མེད་པའི་སེམས་དང་། ཡོངས་སུ་སྦྱོང་བའི་སེམས་དང་།
187a5 སེམས་གསུམ་པོ་འདི་དག་བསྐྱེད་པར་བྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་སེམས་སྐྱེ་བ་དང་། མི་སྐྱེ་བ་དང་། ཆེར་སྐྱེ་བ་དང་། མཉམ་དུ་སྐྱེ་བ་དེ་ཡང་དག་པར་རྗེས་སུ་མཐོང
187a6 བ་སྟེ། དེ་ལྟར་ཡང་དག་པར་རྗེས་སུ་མཐོང་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ
187a7 ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྐྱེན་གང་དག་ཡོངས་སུ་བཟུང་ན། རྣམ་པར་བྱང་བར་འགྱུར་བའི་སེམས་ཀྱི་ས་བོན་ནི་གསུམ་པོ་འདི་དག་སྟེ། མོས་པ་སེམས་ཀྱིས
iiif viewer powered by OpenSeadragon
186b - 187b