e-texts navigator
Collection
Volume
Page
Wylie

183a1 ནས་མྦྷན། ། རབ་འབྱོར་གང་ཡང་ནོར་བ་དང་། འདུཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མེད་པ་ཉིད་རྡོ་ཞེས་དེ་སྐད་བླ་ན
183a2 ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེང་སྨྲའོ།། རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱིས། གཟུགས་རང་བཞིན་མེད་པ་དང་། སྐྱེ་བ་མེད
183a3 པ་དང་། འགག་པ་མེད་པ་དང་། གདོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི་ལྡེམ་པོར་དགོངས་པ་མ་ཡིན་ཏེ།
183a4 སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ་ཞེས་དེ་སྐད་སྨྲ་ན། དེ་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་བཅོམ་ལྡན
183a5 འདས་ཀྱིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གདོད་མ་ནས
183a6 ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི་ལྡེམ་པོར་དགོངས་པ་མ་ཡིན་པ་སྟེ། སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ་ཞེས་དེ་སྐད
183a7 སྨྲ་ན། དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གཟུགས་ནི་ཡོད་དེ། གང་གཟུགས་ལ་མངོན་པར་ཞེན་པ་དང་།




iiif viewer powered by OpenSeadragon

182b - 183b

Texts on this page

S18 - 'phags pa shes rab kyi pha rol tu phyin pa lnga brgya pa